| | e-texts navigator
|
25a1 ཞེན་པར་བརྟགས།། ཡོད་མེད་མཐོང་བ་འཁྲུལ་པའི་ལམ།། དེ་ཉིད་མཐོང་བས་གྲོལ་བར་འགྱུར།། སྤོང་བ་གླེགས་འཁྲུལ་པ་ངལ་བའི་ལམ།། མ་བཅོས་རྟོགས་པས་གྲོལ་བར་འགྱུར།།
25a2 གཟུང་འཛིན་ལྟ་བ་གཉིས་ཀྱི་ཆོས།། གཉིས་འཛིན་བྲལ་བས་གྲོལ་བར་འགྱུར།། གཉིས་ཀྱིས་ཅིག་འཛིན་ངེས་མེད་ལས།། ཅིག་ཏུ་རྟོགས་པས་གྲོལ་བར་འགྱུར།། སྤོང་ལེན་མཐོང་བ་ཆེ་ཆུང་ལམ།
25a3 གསལ་བའི་ངོས་བསྟན་ཅིག་གིས་གྲོལ།། བསྙེན་སྒྲུབས་དག་པས་དག་པ་སྒྲུབ།། ཡེ་ནས་ཡིན་ལ་བཟོད་བུསྒྲུ་བ་བརྩོལ།། བརྩཔོ་མེང་རྟོགས་པས་གྲོལ་པར་འགྱུར།། རྒྱུ་འབྲས་འཛིན་པ་གཉིས
25a4 ཀྱི་ལམ། གཉིས་མེད་འཛིན་པས་གྲུབ་པར་འགྱུར།། བརྡའ་དོན་ཕྲད་པའི་རིམ་པ་ཡིས།། རིག་པ་གོསལ་བའི་དོན་རྟོགས་ནས།། མི་རྟོགས་རྣམ་གྲོལ་བདེ་བ་རུ་གཱ་ཤེགས།། གསལ་བ
25a5 ཉམ་ས་མྱོང་གང་ཡང་མིན།། འདུ་ཤེས་ཀུན་བྲལ་དབྱིངས་ཉིད་དུ།། རིག་པ་མཁའ་ལྟར་གནས་པར་བྱ།། ཚད་མ་མངོན་སུམ་ཆེན་པོ་ལ།། རྗེས་དཔག་ཤིས་པའི་ཕྱིན་ཅི་ལོག། མངོན་སུམ་རང
25a6 གས་ལ་རིག་པ་ལ།། རྗེས་འཇུག་མཚན་མ་ཅིར་མི་དགོངས།། གཉིས་མེད་གསལ་བར་རྟོགས་པ་ལས།། མི་བསམ་མི་སྤྱད་གནས་ན་གྲོལ།། ཇི་ལྟར་གནས་པས་བཞག་པས་བདེ།། རང་བཞིན
iiif viewer powered by OpenSeadragon
24b - 25b