| | e-texts navigator
|
24b1 གྲིས་རང་བཞིན་གསལ་བ་ལ།། ལོག་པའི་ཕྱོགས་ཀྱིས་བསྒྲིབས་པ་དེ།། རང་གསལ་བརྡའ་དོན་ཕྲད་པ་ཡིས།། བརྩལ་བྲལ་རིགས་པ་འཆར་བར་འགྱུར།། ཀུན་འབྱུང་སྙིང་པོ་བྱང་ཆུབ་ནི།། རྣམ་པར
24b2 མི་རྟོགས་རྒྱ་ཆེན་ཟབ།། དམིགས་བྲལ་རིག་པའི་ཀློད་དུ་འདས།། དྲུག་གི་ཆོས་བཞིན་ཡུལ་མེད་པས།། རང་བྱུང་སྙིང་པོ་ཅིག་ལ་རྫོགས།། ཡེས་མཁའ་མཉམ་སྒྲ་དོན་མེད།། གསང་བའི་ཡིས་རིག
24b3 པའི་ལུང་།། སྒོ་བསྐུར་མེད་པ་ཉིད་དུ་བསྟན།། ཕྱོགས་མེད་ཡིས་ཁྱབ་པར་གསལ།། ཀུན་འབྱུང་དཔག་མེད་སྨྲ་བརྗོད་བྲལ།། ཐིག་ལེ་སྤྲོས་བྲལ་མཁའ་ལྟར་དགེ། རང་བྱུང་དག་པའི་སྙིང་པོ་ལ།།
24b4 གང་ལྟར་བརྟགས་པ་ཕྱིན་ཅི་ལྡོག། ཞེན་དྲུག་ལོག་པའི་བརྩོལ་བརྒྱད་ཀྱིས།། མ་བཅོས་གསང་པོའི་དགོངས་པ་བསླད།། འཛིན་སེམས་ལོག་པའི་སེམས་ཀྱིས་བཅིངས།། མཚན་མ་འཁོར་བའི་འདམ་དུ
24b5 གཟུང་། ཞེན་ཚུགས་ལོག་པའི་མདུད་པས་བཅིངས།། ཕྱོགས་བྲལ་ཕྱོག་སུ་བསླབས་པས་འཁྲོར།། ལོག་པའི་རི་བོས་མངོན་དུ་བཀབ། སྤྲོས་བྲལ་འབར་བའི་ཡེས་ལ།། མཐུའི་ཞེན་པ་མི་གནས་ཀྱང་།།
24b6 དོན་ལ་ལོག་པའི་བྱིས་པ་ཡིས།། རྣམ་རྟོག་འཁོར་བའི་ཁམསུ་བརྟགས།། དུང་ལ་སེར་པོར་འཛིན་པ་ལྟར།། དངོས་ལ་གནས་པ་མ་ཡིན་ཡང་།། ལོག་པར་མངོན་པར་ཞེན་པའི་མཐུས།། རང་སྣང་མ་བཅོས།
iiif viewer powered by OpenSeadragon
24a - 25a