| | e-texts navigator
|
23a1 སེམས་བྲལ།། བློའི་རིག་པས་ཅིར་མི་དགོངས།། གཉིས་མེད་རང་གས་ལ་ཡིས་ལ།། དྲན་པསམ་རིག་པ་ཅིར་བརྟགས་ཀྱང་།། བྱ་བྲལ་རིག་པ་ཅིར་མི་འཛིན།། བསམ་པའི་བློ་ཡིས་ཅིར་མི་སྤྲད།།
23a2 རདྭ་བཞིན་འཁོར་ལོ་རིག་པ་སྐོར།། འཇུག་མེད་འཇུག་བྲལ་དགོངས་པས་གནས།། བསམ་གྱིས་མི་ཁྱབ་ཆོས་ཀྱི་དབྱིངས།། མཚོན་པ་ལམ་གྱི་རྒྱུད་དང་བྲལ།། གསལ་བར་ཤེས་ཏེ་རྒྱུ་བ་བྲལ།། ཅིར་ཡང་མི
23a3 འཛིན་དེ་བཞིན་ཉིད།། གདོད་ནས་ལྷུན་གྱིས་གྲུབ་པའི་ངང་།། རང་བྱུང་འོད་གསལ་ཅིག་ལ་རྫོགས།། མི་གནས་རིག་པའི་དཀྱིལ་འཁོར་ལ།། མཽ་གས་ལམ་བུ་སྨྲབས་གདོད་ནས་གསེལ།། འབྱུང་འཇུག་མེད
23a4 པས་ཡིས་ཀྱིས།། ཡེངས་མེད་དབྱིངས་ལ་ཐབས་ཀྱིས་འཇུག། འཁོར་བ་ཡེ་ནས་སངས་རྒྱས་པས།། འོད་གསལ་དག་པ་ཉིད་དུ་གསལ།། མ་བསྒྲིབས་ཀུན་ལ་ཁྱབ་པའི་འོད།། ཐ~ཾད་གསལ་བ་རང་བཞིན་འཆར།།
23a5 འདི་ལ་སྦྱང་བགྲོད་ཡུལ་དང་བྲལ།། འདི་ལ་བསམ་བརྗོད་མཐའ་དང་བྲལ།། འདི་ལ་བརྩོལ་སྒྲུབ་མཐའ་དང་བྲལ།། འདི་ལ་དགག་སྒྲུབ་ཀུན་ལས་འདས།། ཀུན་གྱི་སྙིང་པོ་རང་བྱུང་ལ།། རིག་པ་གསལ་བར
23a6 ཉམས་མྱོང་ལ།། ཀུན་ཀྱང་རང་གསལ་མཉམ་པར་མཁྱེན།། ཡུལ་མེད་རང་གསལ་ཅིག་གི་ལུང་།། དུ་མ་ཅིག་ཏུ་གསལ་བར་ཤེས།། ཀུན་ཀྱང་ལྷུན་གྲུབ་སྙིང་པོ་བས།། དུ་ཡར་འཛིན་པའི་ཆོས་མི་གནས།།
iiif viewer powered by OpenSeadragon
22b - 23b