e-texts navigator
Collection
Volume
Page
Wylie

22a1 དབེན། འཛིན་མེད་མཁའ་ལ་ཉི་ཤར་ལྟར།། གསལ་ལ་སྟོང་པས་འདུ་ཤེས་མེད།། གང་ཡང་མི་གྲས་ལ་འབྱེད་མེད་ལུང་།། མི་བསམ་ཅིག་པས་ཅིར་མི་དགོངས།། རང་བཞག་དགོངས
22a2 པས་བསམ་མི་ཁྱབ།། ཡུལ་བྲལ་ཤེས་པས་འཛིན་བརྩོལ་མེད།། མ་ཡེངས་བསམ་མེད་བརྗོད་བྲལ་ལུང་།། རང་གི་ཉམས་ཀུན་གསལ་བར་ཤེས།། དབུས་མཐའ་མེད་པའི་རིག་པ་ལ།། མི་འཇུག
22a3 མཉམ་པའི་སེམས་ཀྱིས་གནས།། གང་དུའང་མི་བཞག་རྟེན་བྲལ་བས།། བཞག་ཏུ་མེད་པའི་དོན་འདི་ལ།། དེ་བཞིན་ཉིད་ལ་གོམས་པ་ཡིས།། དུས་གསུམ་མ་བཅོས་དགོངས་པས་བཞག། རྡོ་རྗེ་སེམས
22a4 དཔའི་དགོངས་པའི་དོན།། མ་བཅོས་རིག་པ་གསལ་བར་ཤེས།། ཚིག་མིན་དོན་དུ་མ་ཉམ་སྦྱར་ནས།། གང་ལྟར་བལྟས་པ་དེ་ལྟར་བཞག། འདི་ནི་རིག་པའི་ཉམ་སུ་བརྗོད།། གདོད་ནས་མ་བཅོས་ལྷུན་གྲུབ་ལ
22a5 མཚན་མ་སྒྲ་ཡིས་མཉམ་སྦྱར་ན།། ཡེངས་མེད་རང་གསལ་བདེ་ཆེན་ལ།། དེ་ནས་དེ་ལྟར་གནས་བཞིན་བྱ།། བདེ་བ་དེའི་དོན་གོ་ནས།། བརྩལ་མེར་འོད་ནི་རང་ལ་ཤར།། རྒྱལ་བའི་དགོངས་པ་དབྱིངས་ལ་གཏུ
22a6 སྤྱོད་ལམ་གང་ལྟར་བདེ་བ་བཞིན།། མ་རིག་གསལ་ལ་མཉམ་པར་སྒོམ།། མ་ཡེངས་མ་བརྩལ་ཤུགས་ཀྱིས་གསལ།། བུམ་པའི་བརླན་ལྟར་དེ་བཞིན་ན།། མ་བརྩལ་རིག་པ་གྲུབ་པར་འགྱུར།། བརྩལ་ནི།




iiif viewer powered by OpenSeadragon

21b - 22b

Texts on this page

Gbr003.18 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud