| | e-texts navigator
|
21b1 ལོ་ཡིས།། རིག་པའི་ཡིས་འོད་དུ་འབར།། གསལ་འཛིན་མཐའི་རྟོག་པ་གཅན།། རང་གསལ་འདྲ་ཡིས་གསལ་བར་ཤེས།། སྦྱང་མེད་ཤེས་རབ་རྣམ་གསུམ་གྱིས།། རིག་པའི་བདེ་མཆོག་གསལ
21b2 བར་ཤེས། གང་ཞིག་དེའི་རྗེས་འབྲང་ན།། རིག་པཱ་རང་གཱ་ས་ལ་དྲོན་མི་མཐོང་།། ཡཻ་སྲ་གསང་བའི་དོན་ལས་གོལ།། བདེ་མཆོག་གསང་བའི་ལཱམ་དང་བྲལ།། མཚན་མ་འཁོར་བའི་ལམ་དུ་བརྒྱུད།།
21b3 རང་བྱུང་གསལ་བའི་ལམ་མ་ཤེས།། རང་བཞག་རིག་པའི་རྒྱུད་ཚིག་གིས།། ཇི་བཞིན་མ་བཅོས་ངོ་བོ་ལ།། བརྗོད་བྲལ་རང་བཞག་དགོངས་པ་ཡིས།། རང་བྱུང་དབྱིངས་ལ་གསལ་བར་བྱ།། མ
21b4 བཅོས་གསང་བའི་དགོངས་པ་ལ།། བཅོས་མའི་རྣལ་འབྱོར་ལོག་པའི་ལམ།། མཚན་བྲལ་སྤྲོས་མེད་སྙིང་པོ་ལ།། འཛིན་པའི་རྣམ་པར་རྟོག་པའི་ལུང་།། རང་དག་རང་འདོད་ཕྱོགས་རྒྱ་ཡིས།། འཛིན
21b5 པའི་སོ་སོར་མཐོང་བ་ཡིས།། ཕྱོག་བྲལ་ཡིས་ཆེན་པོ་ལ།། བཙལ་ཞིང་བཤད་པའི་དོན་མི་མཐོང་།། ཅིར་སྣང་ཅིག་གིས་ངོ་བོ་ལ།། ཡངས་པ་མེད་པས་ཀུན་ཏུ་གས་ལ།། ཉམས་མྱོང་བརྗོད་བྲལ་གསལ
21b6 འཛིན་མེད།། འདི་ལ་ཕྱོགས་རིགས་གདོད་ནས་མེད།། རང་བཞག་རིག་པ་ཤུགས་ཀྱིས་གོ།། མ་བརྗོད་བརྡའ་ཡིས་གསལ་བར་ཤེས།། དུས་ཅིག་ཡིས་རང་གསལ་བས།། གཉིས་འཛིན་འཕྲ་རགས་ཀུན་གྱིས
iiif viewer powered by OpenSeadragon
21a - 22a