| | e-texts navigator
|
21a1 གསལ་ལ། མཉམ་དང་མི་མཉམ་ཆོས་མི་གནས།། མཐའ་དང་དབུས་མེད་ཡིས་ཀློང་།། ཕྱི་དང་ནང་མེད་ཆོས་ཀྱི་དབྱིངས།། མ་སྐྱེས་པ་དང་མི་གནས་པ།། མ་ཆགས་པ་དང་ལྷུན་གྱིས།།
21a2 གྲུབ་རྟག་དྲོད་ནས་དག་པ་ཆེན་པོ་ལ།། སྦྱང་ཞིང་བགྲོད་པ་ག་ལ་ཡོད།། དུས་གསུམ་རྒྱལ་བའི་སྙིང་པོ་ནི།། རིག་པའི་ཡིས་རང་གསལ་ཡིན།། ཟབ་མོ་གས་བའི་ངེས་དོན་ནི།། ཕྱོགས་དང་ཕྱོགས
21a3 ན་ཆོས་མ་གནས།། རེག་པ་རང་གསལ་ཡིས་ཉིད།། སྤངས་བ་མ་ཡིན་གདོད་ནས་གྲོབ།། གཉེན་པོས་མ་བརྩལ་ང་བཞིན་ཉིད།། མ་བཅོས་མ་གནས་རང་བཞག་པས།། དེ་བཞིན་རང་བྱུང་གནས
21a4 པས་གསལ།། སྣང་སྲིད་འཁོར་འང་འདས་པ་ཀུན།། རང་བྱུང་རིག་པ་རང་གསལ་བས།། སྒྲོ་དང་སྐུར་བའི་མི་གནས།། བརྩལ་མེད་ཡིས་གསང་བ་ནི།། ཁྱབ་པར་གསལ་ལ་དམིགས་དང་བྲལ།།
21a5 འདུ་འབྲལ་མེད་པར་ཡེ་ནས་བྱུང་།། མི་བསམ་མི་སྤྱད་རང་བྱུང་ཉིད།། རང་གས་ལ་རྫོགས་པ་ཉག་ཅིག་གོ།། དུ་མའི་ཆོས་ཀུན་རྫོགས་པའི་ངང་།། ཆེ་ཆུང་མེད་པས་ཡེ་ནས་མ་ཉམ།། རང་བྱུང་དབྱིངས
21a6 མ་གཡོས་པར།། ཀུན་ལ་སྙོམས་པའི་ཐུགས་རྗེ་འཆར།། ཅི་ཡང་ཡིན་ནོ་གང་ཡང་རུང་།། བསམ་མེད་རིག་པའི་ངཔལ་བཞུགས།། བརྗོད་བྲལ་མི་གནས་ཚིག་དང་བྲལ།། དེ་རྟོགས་སྒྲ་ཡིས་འཁོར
iiif viewer powered by OpenSeadragon
20b - 21b