| | e-texts navigator
|
20b1 ཡིན་ཀུན་ཀྱང་རིག་པ་ཏེ།། རིག་པ་མ་ཡིན་མ་རིག་མིན།། རི་བོ་མེས་བསྲེགས་ཀུན་ཚིག་ལྟར།། རྟོག་པའི་རིག་པ་རང་གསལ་བ།། འཛིན་པ་མི་གནས་རང་གྲསལ་བ།། སྤངས་པ་མེད་པར་མཉམ
20b2 དུ་གནས།། ཅིག་པོ་ཡིས་རྫོགས་ལུང་ལ།། དོན་བྲལ་མཉམ་པའི་སེམས་ཀྱིས་བལྟ།། དེ་ཉིད་རིག་པ་འོད་འབར་ལུང་།། བརྗོད་མེད་གྲས་ལ་བའི་དོན་ཡིན་ནོ།། ཡིས་བདུན་འབྱུང་བའི་རྒྱུད་ལུ
20b3 ཡིས་སྣང་བའི་ལེའུ་སྟེ། གཉིས་པའོ།། །། ཀྱཻ་སེམས་དཔའ་ཆེན་པོ།། རང་གྲས་ལ་ཡིས་མཉམ་ཉིད་ལྔ།། སྒྲ་ཚིག་བརྗོད་པའི་རིག་པ་ཡིས།། རྫོགས་པའི་ཡཻ་སཾ་མངོན
20b4 གྱུར་ནས།། ཡིས་འོད་གསལ་ཉིད་དུ་ངེས།། མ་བསླང་རྐྱེན་བྲལ་ཉགཅིག་པོ།། རིམ་པ་མ་ཡིན་དུས་ཅིག་གས་ལ།། རྩོལ་བྲལ་རིག་པ་ཅིར་མི་དགོངས།། ཅིར་སྣང་དང་གསལ་ཉིད་ཀྱི་དབྱིངས།།
20b5 མ་བརྩལ་མ་སྦྱངས་ཡེ་ནས་གྲུབ།། རིག་པ་མ་བརྩལ་མངོན་སུམ་དབྱིངས།། སྨོན་དུ་མེད་པས་རང་ལ་རྫོགས།། དུས་མེད་རླུང་རིག་གསལ་བའི་ལུང་།། སྐྱོན་མེད་ཆོས་དབྱིངས་དམ་པ་ཉིད། ཀུན
20b6 ཀྱང་རིག་པས་མཉམ་དུ་སྐྱེས།། འབྱུང་འཇུག་མི་གནས་ཅིར་མི་དགོངས།། མ་བསླང་མ་བཅོས་ཡེ་ནས་བྱུང་།། བརྒྱ་བྱིན་ནོར་བུ་ཇི་བཞིན་དུ།། མི་བརྩལ་གདོད་ནས་ལྷུན་གྱིས་གྲུབ།། རིག་པ་ཡིས་འོད
iiif viewer powered by OpenSeadragon
20a - 21a