e-texts navigator
Collection
Volume
Page
Wylie

20a1 པ་བརྗོད་བྲལ་བསྟན་པ་རྒྱ་མཚོ་མཛོད།། སྒྲ་བྲལ་རིགཱ་ལ་ཐུགས་ལ་རྫོགས།། གསལ་ཡ་བཱ་ས་མྲ་དུ་མེད་པ་སཱ་ན།། དམིགས་མེད་རིག་པ་རང་གསལ་ལུང་།། ཅི་ལའང་མི་གནས་མངོན
20a2 སུམ་ལུང་།། ཐ་རིག་པས་མངོན་པར་ཤེས།། བསམ་དུ་མེད་པས་འཛིན་དང་བྲལ།། ས་ལྡེ་དམིགས་བྲལ་ཅིག་གི་དང་།། མི་བཤད་མི་འཛིན་བསམ་དུ་མེད།། མ་བསམས་པ་ཉིད་བསམས་པ་སྟེ།།
20a3 མཐའི་འདུ་ཤེས་རྒྱུ་བ་ཉིད།། མ་བསམ་སཱ་སྒྲིབས་པས་དོན་མི་ཤེས།། གྲང་དུའང་མི་བསམ་མི་སྤྱད་དེ།། རང་བཞག་རིག་པ་ཉིད་ཀྱི་སྔ་གས་ལ།། ཉམས་མྱོང་བསམ་རྟོགས་ཡུལ་ཤེས་བྲལ།། རང་བྱུང
20a4 ཉིད་ལ་ཉིད་མི་རྟོགས།། རྗེས་མི་འབྲང་ཞིང་ཡུལ་མི་ཚོལ།། མི་འཕྲོ་མི་བསྡུད་མི་བཅོས་ཏེ།། མཐའ་དབུས་དེ་བཞིན་ཉིད་མི་འཚོལ།། དེ་བཞིན་ཉིད་དུ་རང་བཞིན་གནས།། ཀུན་ཀྱང་རང་གསལ
20a5 ཐིག་ལེ་ཉིད།། སྤྲོ་བསྟུ་མེད་པའི་དབྱིངས་ལ་འདྲ།། འདས་དྲང་མ་འདས་ཆོས་ཀུན་ཀྱང་།། བརྩོལྔ་བྲལ་འོད་ལ་རྟག་ཏུ་བཞུགས།། ཆུའི་གཉེར་མ་ཇི་བཞིན་ཏེ།། རིག་པ་འོད་གསལ་དབྱིངས
20a6 ལ་ཐུག། རང་ལ་སྤྲོ་ཞིང་དབྱིངས་ལ་འདུ།། ཉི་མ་གསལ་བའི་སྙིང་པོ་ལྟར།། གསལ་ལ་མ་འདྲེས་ལྷུན་གྱིས་རྫོགས།། ཀུན་ཀྱང་ཤིན་ལེན་ལེ་འདྲ།། གང་ཡང་མ་ཡིན་ཅིག་ཏུ་གནས།། མ




iiif viewer powered by OpenSeadragon

19b - 20b

Texts on this page

Gbr003.18 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud