| | e-texts navigator
|
1b1 རྒྱ་གར་སྐད་དུ། ཛྙཱ་ནཱ་པྲ་བྷ་ར་ད་ན་ཏན་ཏཱ་ན་མ། འོད་སྐད་དུ། ཡིས་རིན་པོ་ཆེ་འོད་ཀྱི་རྒྱུད་ཅེས་བྱ་བ།། ཡིས་རིན་པོ་ཆེ་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ།།
1b2 འདི་སྐད་བཤད་པའི་དུས་གཅིག་ན།། རིན་པོ་ཆེའི་གནས་ཡིས་ཀྱི་ཀློང་།། མཐའ་དབུས་མེད་པའི་གཞལ་ཡས་ཁང་ན། བཅོམ་ལྡན་འདས་མངོན་རྫོགས་རྒྱལ་པོ་བཞུགས་ཏེ།།
1b3 རང་བཞིན་གྱི་འཁོར་དང་། དོན་གྱི་འཁོར་དང་། འདོད་པའི་འཁོར་རོ།། རྒྱུའི་བྱང་ཆུབ་སེམས་དཔའ་དང་།། ལམ་གྱི་བྱང་ཆུབ་སེམས་དཔའ་དང་།། འབྲས་བུའི་བྱང་ཆུབ་སེམས་དཔའ
1b4 དང་རྫུ་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་ལྷའི་བུ་སེམས་ལྷག་ཅན་གྱིས།། མངོན་རྫོགས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། གསུང་གི་སངས་རྒྱས་ཐམས་ཅད་ཀྱིས།།
1b5 རྒྱུའི་དོན་རྣམས་མཐར་ཕྱུང་ནས།། རྒྱུ་མེད་དོན་ནི་མི་གསུང་བ།། ཐུགས་རྗེ་མཁྱེན་པ་མི་མངའ་འམ།། ངོ་བོའི་སངས་རྒྱས་ཐ~ཾད་ཀྱིས།། ལམ་གྱི་དོན་རྣམས་མཐར་ཕྱུང་ནས།།
iiif viewer powered by OpenSeadragon
1a - 2a