e-texts navigator
Collection
Volume
Page
Wylie

19b1 ཕྲད་དང་ཐོབ་པ་མེད་པ་ཡིས།། མི་སྡང་མི་གསལ་རང་བཞིན་གས་ལཱ།། མངོན་འགྲོས་ཤེས་རབ་སྦྱངས་པ་ཡིས།། ལུས་དང་སྲོག་ལ་མི་སྦྱང་དེ།། རྣ་བརྒྱུད་ཐོབ་ཕྱིར་དབུལ་བར་བྱ།། ཡིས་རང་གསལ་ཐཱ་བ།
19b2 རྫོགས་པས།། མ་བརྗོད་རིགས་པའི་ཐབས་ཀྱིས་གོ། རང་བཞག་རིག་པཤུགས་ཀྱིས་གསལ།། འགྱུར་མེད་གསང་བའི་དོན་ལ་བཞུགས།། ཀུན་འདུས་རིག་པ་གསལ་བའི་ཉམས།། བརྗོད་པས་མི
19b3 རྟོགས་ཉམས་ཀྱི་གས་ལ།། གསང་བའི་མེ་ལོང་གས་ལ་རྫོགས་པས།། བརྗོད་བྲལ་བླ་མའི་ཐབས་ཀྱིས་ཤེས།། གསལ་བའི་མར་མེ་དབྱིངས་ལ་ཁྱབ།། རིག་པའི་འོད་གསལ་མཆོག་གི་ཐུགས།།
19b4 གཏད་མེད་ཡུལ་ལ་དུས་ཅིག་རྫོགས།། གསལ་ལ་མི་མངོན་དུས་ཅིག་རྫོགས།། ངེས་པར་དུས་ཚོད་དེ་ཁོ་ན།། གསལ་ལོ་འདུ་ཤེས་འབྲལ་བ་མེད།། རིག་པའི་ཀློང་ལ་ཀུན་ཏུ་ཞུགས།། གང་ཡང་མ་ཡིན་འོང
19b5 གསལ་ཡིན། མི་འབྲང་མི་སྤྱོད་ཡུལཱ་དང་བྲལ།། བརྡ་འཕྲ་ད་རིག་པ་ཤུགས་ཀྱིས་གོ།། ཡང་ནནམ་ཁ་ལྡེས་ལའོ།། ཡང་ན་ཆུའི་རྒྱུན་ལའོ།། ཡང་ནར་གསལ་ལ་ཉིད་ལའོ།། ཡང་ན་མཚན་མ་སྒྲ་ལའོ།།
19b6 ཡང་ན་དེ་ཉིད་གང་ཡིན་པར།། རང་བཞིན་རིག་པར་བཞག་པས་ནི།། ཚུལ་ཆུ་ལྟར་གསལ་བར་གནས།། མི་ཤེས་པ་ཉིད་མ་ཡེངས་པོས།། འབྱེད་པ་མེད་པའི་ཡིས་འགྲུབ།། རང་རིག་ཉམས་མྱིང་ཀུན་བྲལ




iiif viewer powered by OpenSeadragon

19a - 20a

Texts on this page

Gbr003.18 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud