| | e-texts navigator
|
19a1 ནམ་མཁའ་ཁྱབ་པའི་འོད་དང་ལྡན།། གསལ་བ་ན་མཁའི་སྙིང་པོ་ལྟར།། ཁྱབ་པ་ཀུན་གྱི་རྗེས་སུ་སོང་།། སྣང་བ་ན་མཁའི་མཐའ་ལྟར་ཡངས།། འཕྲུལ་གྱི་མེ་ལོང་གསལ་བའི་འོད།།
19a2 ཕྱོགས་རིགས་མེད་པར་ཀུནཱ་ལ་འཆར།། རྒྱ་མཚོ་ཆེན་པོ་ཡིད་བརྟགས་པས།། ཁྱད་པར་བསལ་ལ་དབྱིངས་ལ་འདྲ།། མ་བཅོས་རང་བྱུང་སྙིང་པོ་ལ།། སྒྲོ་སྐུར་དག་པའི་དབྱིངས་ལ་གནས།། བསམ་པ་མེད
19a3 པའི་འདུ་ཤེས་ཅན།། རྒྱུ་བའི་ཡུ་བ་རྣམ་པར་བཅད།། ཀུན་སྣང་འོད་གས་ལ་ཉགཅིག་པོ།། ཅི་ཡང་ཡིན་ནོ་གང་ཡང་རུང་།། མ་བཀག་ཡོན་ཏན་དེ་ལྟར་གས་ལ།། རང་རིག་ཡུལ་མེ་ཆོས་ཀྱི་དབྱིངས།
19a4 རང་གསལ་ཡིས་ཀུན་ཏུ་བཟང་།། རང་བྱུང་རྐྱེན་བྲལ་འཇིགས་པ་མེད།། ཡིས་སྣང་བ་རྣམ་པར་དྲག། རྫོགས་པའི་ཡེས་ཀློང་དུ་ཐིམ།། མཁྱེན་བྲལ་གཏི་མུག་ཆེན་པོ་ལ།། ཤེས་དང་མི་ཤེས་ཡོངས་ཀྱི
19a5 མེད། རང་གསལ་ལུང་ལ་ཀུན་རྫོགས་པས།། གཉིས་པའི་ཆོས་དང་གདོད་ནས་བྲལ།། རང་བཞིན་འདུ་འབྲེལ་མེད་པ་གཉིད།། ཐིག་ལེ་ཅིག་ཏུ་དེ་རྫོགས་སོ།། བསམ་པའི་མེ་ལོང་ཐབས་ཀྱིས་ཤེས།
19a6 ཀུན་འབྱུང་ཡིས་སྙིང་པོ་ལ།། གསང་བའི་ཐབས་ཀྱིས་རྟོགས་གྱུར་ན།། རྩལ་བྲལ་འོད་ལྟར་ཁྱབ་པར་འབྱུང་།། ཀུན་ལ་ཕྱོགས་རིགས་མེད་པར་སྣང་།། ཕྲད་དང་མི་ཕྲད་ནུས་པ་ལས།། དེ་ལྟ་དེ་ལྔ་ཉིད་དུ་སྡུང
iiif viewer powered by OpenSeadragon
18b - 19b