e-texts navigator
Collection
Volume
Page
Wylie

18b1 ལྟར། གསལ་ལ་དམིགས་པ་རྣམ་པརཱ་གནྡད།། འབྱུང་འཇུག་མེད་པའི་ཐིག་ལེ་ཡིས།། གསང་བ་རིག་པའི་འཁོར་ལོ་གང་།། མཱ་རིག་གསལ་བའི་མེ་ལོང་གིས།། ཁྱབ་པ་ན་མཁའི་རྗེས་སུ་ལྟ།། རང་བྱུང་རིག།།
18b2 པ་རང་གསལ་སྐྱེས།། རྒྱུ་རྐྱེན་བྲལ་བའི་དབྱིངས་ལ་རྫོགས།། བསམ་པ་སྤངས་ཏེ་དབྱིངས་ལ་གནས།། མི་འབྱུང་མི་འཇུག་གཉིས་མེད་དང་།། སྤྱད་མེད་དེ་ལྟར་རང་བཞིན་བཞག། བརྩལ་བྲལ་ཆུའི་རང་བཞིན།
18b3 ལྟརམ་བསྐྱོད་བདེར་བཞག་དོན་གྱིས་གསལ།། དེ་ཉིད་ངེས་པའི་དོན་འདི་ནི།། བསམ་གྱིས་མི་ཁྱབ་དོན་གྱིས་ཤེས།། མི་ཚོལ་འོད་ཀྱི་སྙིང་པོ་ལྟར།། འདུ་འབྲལ་མེད་པར་ཡིས་རྫོགས།། དེ་ཁོ་ན་ཉིད་ཡུལ་མེད
18b4 ལ། གཉིས་མེད་རིག་པ་ཅིག་ཏུ་འབར།། གཏི་མུག་བསྒོམས་པས་བདེ་བ་རྒྱས།། ཀུན་འཇོམས་རེ་བའི་སྙིང་པོ་འདྲ།། མཐའ་བྲལ་མངོན་པར་མཐོ་བ་ལ།། མཚན་བྲལ་མི་ཚུད་ཅིག་ལས་མེད།། དེས་ན་རང་བཞག
18b5 དགོངས་པས་གནས།། ཀུན་ལ་གསལ་ཏེ་གཅིག་ལ་སྟོན།། འགྱུར་མེད་སེམས་ཀྱིས་དགོངས་པའོ།། ཡིས་བདུན་གྱི་རྒྱུད་ལས། གླེང་གཞི་གསུང་བའི་ལེའུ་སྟེ། དང་པོའོ།། །
18b6 ཀྱི་སེམས་དཔའ་ཆེན་པོ།། རང་བཞིན་ཐབས་དང་ཉམས་ཀྱིས་ནི།། བསྡུས་ཏེ་ཐིག་ལེ་ཅིག་ཏུ་གསལ།། རང་གསལ་འགྱུར་མེད་ཡིས་ཀྱིས།། ཇི་བཞིན་ཀློང་དུ་གསལ་བར་གནས།། འཁོར་བ་རང་གསལ་ཉིད་དུ་བདེ




iiif viewer powered by OpenSeadragon

18a - 19a

Texts on this page

Gbr003.18 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud