e-texts navigator
Collection
Volume
Page
Wylie

18a1 ཀུན་གསལ་ཉམས་མྱོངས་བྲལ་བ་འདི།། བརྗོད་མེད་རིགས་པའི་དོན་གྲོ་ནས།། བརྟུལ་བྲལ་དོན་ལ་བགོད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་སྐྱེས་བུ་དམ་པ་དེས་འདི་སྐད་ཅེས་བཀའ་སྩལ
18a2 ཏོ། རང་བྱུང་རིག་པ་མཆོག་གི་དོན།། རང་རིག་འོད་གསལ་གསང་བའི་ཉིས།། འཛིན་པའི་དྲི་མ་ཀུན་གྱིས་དབེན།། བརྗོད་བྲལ་རིག་པའི་དབྱིངས་ལ་བཞུགས།། འབར་བའི་འོད་ཀྱི་རྣམ་པ་ལྟར།། ཀུན་ཏུ་གསལ
18a3 ཞིང་ཉིད་དུ་གནས།། རང་གསལ་རིག་པ་ཆོས་དབྱིངས་ལ།། ཆོ་འཕྲུལ་བདག་རྫོགས་གཉིས་པ་མེ་དེ།། རྣ་བརྒྱུད་དག་པའི་སྐུ་ཚིག་གིས།། འཕྲུལ་གྱི་མེ་ལོང་ཇི་བཞིན་དུ།། གཞན་གྱིས་གསལ་ཏེ་རང་ལ་རྫོགས།
18a4 ཅི་ཡང་མ་ཡིན་ཅིར་མི་དགོངས།། བསམ་མེད་མི་གཡོ་མཆོག་གི་ལུང་།། ཇི་བཞིན་ཉིད་ལ་ཇི་བཞིན་གསལ།། རྐྱེན་བྲལ་བརྡའ་ཕྲད་དོན་གྱི་ལུང་།། བརྗོད་བྲལ་གསང་བའི་ཉམས་ཀྱིས་གོ།། རང་བྱུང་མཆོག་གི
18a5 སྙིང་པོ་ལ།། ཡེངས་པ་མེད་པའི་སེམས་ཀྱིསྐུ་གནས།། རང་གསལ་དམིགས་བྲལ་ཅིར་མི་དགོངས།། ཤེས་མེད་གསལ་བས་མར་མེ་ལྟར།། ཡིན་ནོ་གང་དུའང་སེམས་དཔའ་མེད།། འགྱུར་མེད་སེམས་ཀྱི
18a6 གཡུང་དྲུང་ལ།། ཅི་དགར་བཞག་པས་གཡོ་མེད་ལུང་།། ཡུལ་མེད་བསམ་བྲལ་སྒོ་བསྐུར་བཅད།། ཏིང་འཛིན་རིག་པའི་འཁོར་ལོ་ཡིས།། བག་ཆགས་འཛིན་པ་རྣམ་པར་གཅོད།། ན་མཁའ་གསལ་བའི་མར་མེ




iiif viewer powered by OpenSeadragon

17b - 18b

Texts on this page

Gbr003.18 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud