e-texts navigator
Collection
Volume
Page
Wylie

17b1 དེ་ནས་ཕྱོགས་བཅུའི་རྒྱལ་བ་ཐ~ཾད་ཀྱིས།། དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལ།། མགྲིན་ཅིག་ཏུ་འདི་སྐད་ཅེས་བསྐུལ་ལོ།། རང་གསལ་རིག་པ་མཆོག་གི་སྐུ།། བརྩལ་བྲལ་བསྟན་པ་ཐུགས་ལ་རྫོགས།།
17b2 འོད་འབྱུང་འབར་བའི་ནོར་བུ་ལྟར།། གདོད་ནས་ཀུན་རྫོགས་བདག་ཏུ་གསལ།། རིག་པ་ལྷུན་རྫོགས་དབྱིངས་ལ་བཞུགས།། བདག་གཞན་མི་མངའ་ཕྱོགས་རིགས་བྲལ།། ནམཁའ་མི་འགྱུར་རྟག་པ་ལྟར།། རང
17b3 གས་ལེ་འགྱུར་མེད་ལྷུན་གྲུབ་ཁྱོད།། གང་ལ་རྐྱེན་གྱིས་བསྐུལ་བ་ལྟར།། ཐུགས་རྗེས་སེམས་པར་བསྟན་དུ་གསོལ།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ལོ་བསྐུལ་བས།། ལྷའི
17b4 དབང་པོའི་ངོ་ལ་གསང་བའི་བདག་པོར་སྣང་བར་གྱུར་ཏོ།། དེ་ནས་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ།། རྒྱལ་བ་ཀུན་གྱི་གསང་བའི་ཐུགས།། ཀུན་འདུས་བྱང་ཆུབ་སེམས་ཀྱི་ངང་།། རང་གསལ་ཉ་གཅིག
17b5 དྲི་མེད་ལ།། བདེ་ཆེན་ཁྱོད་ཀྱི་སྐུ་མཆོག་གིས།། བརྗོད་བྲལ་གསང་བའི་ཆོས་ཉིད་འདི།། ཚིག་དང་ཡི་གེ་ཀུན་བྲལ་ཡང་།། དེ་ཉིད་བརྗོད་པས་གོ་བྱའི་ཕྱིར།། ཡཱཾས་གསལ་བར་གསུང་དུ་གསོལ་ཞེས་ཞུས་སོ།།
17b6 དེ་ནས་ཕྱག་ན་རྡོ་རྗེ་དེ་ཉིད་རང་གི་ཡིས་གསལ་བ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། རང་ཉིད་ལྟ་བུའི་འཁོར་རྣམ་པར་བཀོད་པ་ལས།། རྣམ་པར་ལངས་ནས་འདི་སྐད་ཅེས་བསྐུལ་ཏོ།། རང་བྱུང་རིག་པ་འོད་འབར་བ




iiif viewer powered by OpenSeadragon

17a - 18a

Texts on this page

Gbr003.18 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud