e-texts navigator
Collection
Volume
Page
Wylie

17a1 རྒྱ་གར་སྐད་དུ། བོ་དྷི་ཙི་ཏ་མ་ཧཱ་སན་ཏཱི་ཛྙཱ་ན་ཏྲན་ཏྲ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྫོགས་པ་ཆེན་པོ་ཡཻས་བདུན་གྱི་རྒྱུད། དཔལ་ཡཻས་རྫོགས་པ་ཆེན་པོ་ལ་ཕྱག་འཚལ་ལོ།།
17a2 འདི་སྐད་བཤད་པའི་དུས་ཅིག་ན། བཅོམ་ལྡན་འདས་རེང་བཞི་ནི་ཡཻ་ས་རྫོགས་པ་ཆེན་པོ།། གསང་བའི་འོད་གས་ལ་བདེ་བའི་ངང་ཉིད།། ལྕེན་གྱིས་གྲུབ་པའི་བདག་ཉིད།། མ་ལུས་པ་ཅིག་གི་རང་བཞིན
17a3 ཐིག་ལེ་ཆེན་པོ་ཉིད།། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་དེ་བཞིན་ཉིད།། རིག་པ་འཕོ་འགྱུར་མེད་པའི་གཞལ་ཡས་ཁང་ཅིར་ཡང་གསལ་བའི་རྒྱན་གྱིས་ཀླུབས་པ་ན།། བཅོམ་ལྡན
17a4 འདུས་རང་བཞིན་རྫོགས་པ་ཆེན་པོ་དེ། རང་བཞིན་གྱི་འཁོར་དང་། རང་བཞིན་ལ་ལྟ་བའི་འཁོར་དང་།། རང་བཞིན་ཉིད་ལ་གནས་པའི་འཁོར་དང་།། རང་བཞིན་མངོན་དུ་གསལ་བའི་གྱུར་པའི་འཁོར་དང་ཐབས་ཅིག།
17a5 དེའི་ཚེ་ན། བརྒྱ་བྱིན་ལྷའི་དབང་པོས།། གདུལ་བྱའི་དོན་ཤེས་ནས། ཕྱོགས་བཅུའི་རྒྱལ་བ་ལ་འདི་སྐད་ཅེས་བསྐུལ་ལོ།། དུས་གསུམ་རྒྱལ་བ་ཐ~ཾད་ཀྱིས།། ཐུན་མོང་བྱ་བ་མཐར་སྟོན་ནས།། གང་ལ་ཉེ་བར་མཛེས་པ
17a6 ཡིསཿདམ་པའི་གསང་བ་གསུང་དུ་གསོལ།། བརྩོལ་བྲལ་རིག་པའི་ཁྱད་པར་ལས།། གཉིས་པའི་དོན་དེ་མི་གནས་ཏེ།། དེ་ཉིད་སྣང་བའི་བྱིན་བརླབས་ལས།། ཇི་ལྟར་འདོད་པ་སོ་སོར་གསལ།། ཞེས་བསྐུལ་ཏེ




iiif viewer powered by OpenSeadragon

16b - 17b

Texts on this page

Gbr003.18 - byang chub kyi sems rdzogs pa chen po ye shes bdun 'byung ba'i rgyud