| | e-texts navigator
|
16b1 བྲལ་བས་དངོས་གཞི་ཅན།། སྙིང་པོ་ཀུན་བྲལ་ཀུན་གྱི་བདག། མ་བཅོས་རིག་པའི་ཏིང་འཛིན་གསལ།། བྱ་བ་མེད་བཞིན་དོན་ཀུན་རྫོགས།། རང་བྱུང་གཉུག་མ་ཀུན་གྱིས་གཞི།། བགྲོད་མེད་རྣམ་གྲོལ་ལྷུན་གྲུབ
16b2 ལམ། ཇི་བཞིན་ཀུན་རྫོགས་འབྲས་བུ་ཉིད།། ཐག་ལེ་དབྱེར་མེད་ཅིག་གི་ངང་།། སེམས་ཉིད་བྱ་བྲལ་རྫོགས་པའི་གཏེར།། བདེ་བའི་ཡེས་མི་རྟོག་ཐུགས།། སྐ་ལྡན་དང་པོ་ཉིད་ན་རྫོགས།། འགྲོ་དྲུག་འཁོར་བའི
16b3 རྟོག་ལྟ་དང་།། རྒྱལ་བའི་ཡིས་མྱ་ངན་འདས།། བདེ་ཆེན་རིག་པ་ཅིག་གི་ངང་།། རང་བྱུང་ཇི་བཞིན་མ་བཅོས་པ།། ལྷུན་རྫོགས་སྤྲོས་པ་མེད་པའི་ངང་།། བསམ་དུ་མེད་པའི་ཡིས་འདི།། རྣམ་པར་རྟོག་པའི་རྒྱུ་བ
16b4 བྲལ་འདུས་གསུམ་མི་མངའ་རྒྱུན་མི་འཆད།། སེམས་ཉིད་སྒྲིབ་པའི་ལམ་མཆོག་འདི།། དབྱེར་མེད་ཀུན་ལ་ལྡན་བཞིན་དུ།། སྣང་བ་ལམ་མེད་འཁོར་བར་འཁྱམས།། སྡུག་བསྔལ་རྩོལ་བའི་ནད་ཀྱིས་གདུངས།།
16b5 དེས་ན་སྟོན་པའི་སྒྲོན་མ་འདི།། སྣང་བའི་ཡིས་གསལ་བར་གྱིས།། ཀུན་ལ་མི་བསྟན་གསང་བའོ།། སྣོད་ལྡན་འགའ་ལ་གདམས་ཤིང་བཏད།། ཅེས་གསུངསོ།། ཡིས་རིན་པོ་ཆེ་འོད་ཀྱི་རྒྱུད་ལས། སྙིང་པོ
16b6 ལ་བཟླ་བའི་ལེའུ་སྟེ། བཅུ་ཅིག་པའོ།། ། རིན་པོ་ཆེ་འོད་ཀྱི་རྒྱུད་ཅེས་བྱ་བ་རྫོགསོ།། །། རྒྱ་གར་གྱི་མཁན་པོ་ཤྲི་སིང་ཧ་དང་།། ལོ་ཚྭ་བ་བཱི་རོ་ཙ་ནས་དྷ་ཧེ་ནའི་འདུ་ཁང་དུ་བསྒྱུར་བའོ།།
iiif viewer powered by OpenSeadragon
16a - 17a