| | e-texts navigator
|
15b1 པའི་རང་བཞིན་གཉིས།། དབྱེར་མེད་རང་བཞིན་སེམས་སུ་ཅིག། རིགས་དྲུག་སེམས་ཀྱི་རྟོགས་པ་དང་།། ཡིས་རང་གསལ་རིག་པ་ནི།། ཁྱད་པར་མེད་དེ་སྙིང་པོ་ཅིག། ཁམས་གསུམ་འཁོར
15b2 བའི་རྣམ་པ་དང་།། མྱ་དྲན་འདས་པའི་ཡེས་གཉིས།། རྟོགས་མ་རྟོགས་ཀྱིས་གཉིསུ་བྱུང་།། རྟོགས་པས་རང་སེམས་ཉིད་ལ་ཐུགས།། ཅེས་གསུངསོ།། ལཾ་ས་རིན་པོ་ཆེ་འོད་ཀྱི་རྒྱུད་ལས། ཆོས
15b3 ཐད་གཉིས་སུ་མེད་པའི་ལེའུ་སྟེ། བཅུ་པའོ།། །། དེ་ནས་ཡང་སེམས་ལྷག་ཅན་གྱིས་མངོན་རྫོགས་རྒྱལ་པོ་ལ་གསོལ་པ། བྱང་ཆུབ་སེམས་ཀྱི་རང་བཞིན་ལ།།
15b4 མཐར་ཐུག་ལ་བཟླ་ཅི་ལྟར་ལགས།། ཅེས་གསོལ་པ་དང་། མངོན་རྫོགས་རྒྱལ་པོས་ཡཻས་མཐར་ཐུག་པའི་དྲིང་རྗེ་འཛིན་ལ་བཞུགས་ནས་བཀའ་སྩལ་པ། གཞན་འདོད་རེ་བོའི་རྩོལ་བ་བྲལ།། རང་སེམས
15b5 རྣམ་དག་ཡི་སངས་རྒྱས།། ཀུན་བཟངས་རྒྱལ་བའི་སེམས་ཉིད་དེ།། མཐའ་ཡས་སེམས་ཅན་ཐ་ད་ལ།། རྒྱལ་བའི་ཡེས་རང་ཆས་ལྡན།། བསམ་བྲལ་རང་ལུགས་ཅིར་མི་དགོངས།། ཡེ་ནས་ནམཁའི་མཐུའ་དང
15b6 མཉམ། ཡིད་ལ་མི་བྱེད་བྱ་བ་བཏང་།། འཁོར་བ་མྱ་ངན་འདས་པ་ཡི།། རྣམ་རྟོག་འཕྲ་རགས་ཅིར་སྣང་ཡང་།། རང་བཞག་བསམ་བྲལ་ཉིད་དུ་བདེ།། ཆུའི་སྣང་བ་ཇི་བཞིན་དུ།། འཕྲ་རགས་རྣམ་རྟོག་ཡིས་ཉིད།
iiif viewer powered by OpenSeadragon
15a - 16a