| | e-texts navigator
|
15a1 རང་ལུས་སེམས་སུ་ཤེས་པས་ན།། གང་ན་གནས་ཀྱང་སེམས་ཉིད་བདེན།། སྣང་སྲིད་སེམས་ཀྱིས་ཤེས་པས་ན།། དབང་པོ་དང་ཡན་ཡིས་གསལ།། སྙིང་པོ་དོན་གྱི་རང་བཞིན་ལ།། ཅི་ཡང་།།
15a2 མ་སྒོམ་གང་ཡང་མིན།། ཁྱུ་མཆོག་སེམས་ལྟར་མ་བཅོས་པ།། རང་བཞིན་རིག་པའི་འཁོར་ལོ་ཉིད།། དུས་གསུམ་དུ་ཡང་མཉམ་བཞག་མེད།། གང་ཡང་མི་འཛིན་བདག་པོ་མེད།། སྙིང་པོ་དོན་གྱི་རང་བཞིན
15a3 ལ། སྐྱོན་དང་ཡོན་ཏན་གཉིས་མེད་པས།། རྫོགས་ཆེན་ལྟ་བ་བླང་དོར་མེད།། འཇུག་མིན་ཏིང་འཛིན་མ་ཡེངས་པ།། འོད་གསལ་སྒོམ་མེད་སེམས་ཉིད་ཡིན།། རང་བྱུང་ཐུགས་ཀྱི་ས་མ་བཅོས་པ།། རྣམ་དག
15a4 རྒྱལ་པོའི་སྐུ་གསུང་ཐུགས།། བརྩལ་མེད་སྙིང་པོའི་དོན་ལས་འབྱུང་།། བྱང་ཆུབ་སེམས་ཀྱི་དོན་ཉིད་ལ།། ངེས་པའི་ཐེག་ཅིག་སྙིང་པོའི་དོན།། བསམ་པའི་ཐེག་པ་སྣ་ཚོགས་པ།། དྲང་བ་ཉིད་འགྱུར་ངེས་པ
15a5 མིན་ཏུ་ངོ་བོ་ཉིད་ལ་མཐོ་དམན་མེད།། མོས་འཇུག་བསམ་པས་རྟོགས་པར་ཐོད།། སེམས་ཉིད་ཉ་གཅིག་ཕྱོགས་བྲལ་བ།། དུ་མའི་འབྲས་མེན་ལམ་དུ་མེད།། མ་བཅོས་རྣལ་འབྱོར་རྫོགས་པའི་ལམ།།
15a6 མི་གནས་རང་བཞིན་སེམས་སུ་ཅིག། མ་བགྲོད་མཐར་ཕྱིན་འབྲས་བུ་ཡིན། རྒྱུ་རྐྱེན་བྲལ་བས་སྐྱེ་འཇིག་མེད།། གདོད་ནས་རང་བྱུང་སྙིང་པོར་གསལ།། རིགས་དྲུག་ཇི་ལྟར་སྣང་བ་དང་།། མྱ་ངན་འདས
iiif viewer powered by OpenSeadragon
14b - 15b