| | e-texts navigator
|
14b1 རིག་པའི་མན་ངག་སྦྱིན།། དྲན་རྟོག་རླུང་གི་རྒྱུ་བ་བྲལ།། མཐའ་རུ་མ་སྐྱེས་བསམ་གཏན་བྱ།། ཆོས་དང་ཆོས་ཉིད་གང་ཡང་མིན།། ནམ་མཁའ་ལྟ་བུར་བདྲག་མེད་པ།། ཡིས་སྟོང་པའི་ངོ་བོའོ།། རང་བཞིན་སྟོང
14b2 པ་མཚན་མུ་མེད།། རྣམ་པར་གསུམ་ལྡན་བདེ་བ་ཆེ།། སྒོམ་མེད་བཞིའི་ལམ་དུ་འཇུག། སྒོམ་མེད་ལམ་ལ་གནས་པས་ན།། མི་སྒོམ་འབྲས་བུ་དང་གིས་འཆང།། ཡོན་ཏནྡ་ན་མཁའི་མཐའ་དང་མཉམ།།
14b3 རང་གིས་ཡིས་སྣང་བ་ལ།། འབར་བའི་དཀྱིལ་འཁོར་རང་བཞིན་གནས།། རྒྱན་གྱི་འཁོར་ལོ་སྐུའི་ངང་།། བག་ཆགས་གྲགས་པ་གང་དག་གོ། དྲན་རིག་གསང་བ་ཏིང་འཛིན་ཉིད།། མི་ཟད་འཁོར་ལོ་བཱ་སཾ
14b4 དུ་མེད།། སྒྲོ་བྲལི་སྟོང་ཉིད་གཞི་གནས་ལ།། འདུ་ཤེས་མེད་འཇུག་མཉམ་བཞག་ལྔ།། སྒྲོ་མ་མེད་གཞི་གནས་ལྷག་མཐོང་འབྲེལ།། མོས་འཇུག་ལམ་ལ་གང་གནས་དང་།། མི་རྟོག་གསལ་བ་དོན་གྱིས
14b5 གོ། བསམྦ་དང་བྲལ་བའི་ཡཱཾ་ས་ནི།། སྙིང་པོ་དོན་ལ་རྟོག་བཞིན་འཇུག། ཐུབས་བྲལ་རིག་པའི་བརྩོལ་བ་འཚོལ།། རཱ་གན་གསེར་འདོད་ཇི་བཞིན་ནོ།། འདོད་པའི་སེམས་དང་མ་བྲལ་ན།། སྙིང་པོའི་དོན་ལ
14b6 བདག་འཛིན་བྱེད།། བདེ་བའི་སེམས་ལ་རེ་བ་ན།། རྟོག་པའི་རྗེས་འཇུག་ཞི་གནས་ཡིན།། རང་ལུས་སེམས་སུ་མ་རྟོགས་ན།། འགྲམ་འབག་ལྷའི་རྣམ་པའི་གཟུགས།། ལུས་ཀྱི་དབེན་པས་ཆོས་ཉིད་ཚོལ
iiif viewer powered by OpenSeadragon
14a - 15a