| | e-texts navigator
|
1b1 རྒྱ་གར་སྐད་དུ་ཨ་ཏི་ཡོ་དྷརྨ་མ་ཧཱ་དན་ཏྲ་བོད་སྐད་དུ་རྫོགས་པ་ཆེན་པོ་རྣལ་འབྱོར་ཆོས་ཉིད་ཀྱི་རྒྱུད་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ།། དེ་ནས
1b2 ཡང་དེའི་ཚེ། བཅོམ་ལྡན་འདས་ཀྱིས་དཔལ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བདག་གཞན་གདོད་ནས་མེད་པ་ཡི། ལྷུན་གྱིས་རྫོགས་པའི་ངང་ཉིད་ལ།། འཆི་འཕོ་འགྱུར་བའི
1b3 ཆོས་མེད་དེ།། མི་འགྱུར་བརྟན་པའི་གསེར་བཞིན་ནོ།། དགེ་བའི་ཕྱོགས་དང་སྡིག་པ་སོགས།། ཐ་དད་ཙམ་ཡང་ཡོད་མ་ཡིན།། རྣལ་འབྱོར་རྣམ་པར་འཆིང་བ་ཉིད།། གཉིས་པོ་འདི་དག་གདོད་ནསྲ་མེད།།
1b4 གང་གིས་དེ་ལྟར་མ་རིག་པའི།། དྲོན་མེད་སྒྲ་ཕྱིར་དེ་འབྲངས་ན་སྲ།། དགེ་བའི་ཕྱོགས་སྤོང་སྡིག་པ་སྤྱོད།། དེ་ཉིད་མ་ཐོམས་པས་དམྱལ་བཱར་འགྲོ།། དཀར་བས་དཀར་བའི་ཉི་མ་མེད།། གནག་པའི་མུན
1b5 པ་དག་ཀྱང་མེད།། འཁོར་བ་མེད་ཅིང་མྱ་ང་འདས་མེད།། རིག་པ་མེད་ཅིང་གནས་པ་མེད།། དྲི་བོ་མེད་ཅིང་གང་བ་མེད།། འགྲིབ་པ་མེད་ཅིང་འཕེལྭ་བ་མེད།། སུ་ལའང་ཕན་མེད་གནོད་མི་འགྱུར།།
1b6 སྣང་བ་མེད་ཅིང་འགྱུར་བའང་མེད།། ཤེས་རབ་མེད་ཅིང་ཐབས་ཀྱང་མེད།། ལམ་མེད་བྱང་ཆུབ་ཡོད་མ་ཡིན།། དྲན་པ་མེད་ཅིང་ཡིད་བྱེད་མེད།། དམིགས་པ་མེད་ཅིང་ཡུལ་ཀྱང་མེད།། མེད་པ་མ་ཡིན་སྙིང
iiif viewer powered by OpenSeadragon
1a - 2a