e-texts navigator
Collection
Volume
Page
Wylie

2a1 བསྔ་ལན་དགུར་བཞད།། ཧེ་ཧེ་ཧེ། ཚིག་ཏུ་འདུས་ལ་དོན་དུ་རྒྱས།། རྒྱ་མཚོ་ཆུ་བོའི་འཕྲོ་འདུ་བཞིན།། ནམཁའ་རྡོ་རྗེ་ཨ་ལས་བྱུང་།། བདེ་བ་ཆེན་པོའི་མཆོག་འདི་ལ།། མཚོན་དུ་ཡོད་པཱ་མ་ཡནྟེ།
2a2 མཚོན་དུ་མེད་པའི་ཆོས་ཉིད་ནི།། བརྗོད་དུ་མེད་པའི་བདེ་ཆེན་ཡིན།། བརྗོད་དུ་མེད་པའི་བདེ་ཆེན་ལ།། བརྗོད་དུ་མེད་པའི་ཚིག་བརྗོད་ནས།། བརྗོད་མེད་དོན་གྱིས་ངོ་བོ་སྟོན།། མཚོན་མེད་བརྗོད་ལས་འདས་པ་ཡི།།
2a3 བྱང་ཆུབ་སེམས་ཀྱི་བདེ་ཆེན་ལ།། དགོངས་པའི་དབང་གིས་རྒྱལ་བ་རྣམས།། ང་དང་བདག་ཅེས་གསུངས་པ་ནི།། དེ་བཞིན་པའི་དབང་གིས་ནི།། ཆོས་སྒོ་བརྒྱད་ཁྲི་བཞི་སྤོང་གསུངསྲ།། གསུངས་ཀྱང་གནས་ལུ
2a4 ཅིག་ལས་མེད།། བསྟན་པའི་སྙིང་པོ་བདེ་ཆེན་མཆོག། གནས་ལུགས་ཡིན་པར་ཤེས་པར་བྱའོ།། བྱང་སེམས་བདེ་བ་ཆེན་པོ་ལ།། རྒྱལ་སྲས་གང་འདོད་དབང་ཕྱུག་སྐ་ལྡན་གྱིས།། ངེས་པར་རྟོགས་ལ
2a5 ཐུགས་ཀྱི་དཀྱིལ་དུ་ཆོངས།། བསླད་མ་གཞན་དང་བྱིས་པ་ཕྱོགས་རིག་ཅན་གྱིས་མི་གོ་བས།། དོན་ལ་བགྲེད་ལ་ཚིག་ལ་འཕྱར།། གནད་ལ་མ་ཐེ་བྲུ་ཉོན་མོངས་རགས།། མན་ངག་མེད་པར་རྫོབ་རྐྱེན་ཆེ།། དེ་འདྲ
2a6 ལག་ཏུ་དེ་བསྐུར་ནོ།། གནོད་སྦྱིན་ལག་ན་མཚོན་ཐོགས་དང་།། མོན་མོའི་ལག་ན་དུག་སྤྱོ་འདྲ།། རྒྱལ་ཁམས་མེ་ཡིས་སྟོང་པ་ཡིན།། མེད་ཐུང་མེད་པར་འདི་འཆང་ན།། རྒྱ་མཚོར་གསེར་སྦྲམ་ཤོར་བ་དང་།




iiif viewer powered by OpenSeadragon

1b - 2b

Texts on this page

Gbr003.14 - dpal ldan dgyes pa'i rgyud