e-texts navigator
Collection
Volume
Page
Wylie

2a1 ཟླ་ལ་ལྡན་འདེབས་ནི།། གདོད་ནས་དག་པའི་རང་བཞིན་ནམཁའ་ལ།། བསྐལ་པ་སྟོང་དུ་བསགས་པའི་མུན་ནཱག་ཐིབས་པོ་ཡང་།། རིག་པའི་རྒྱལ་པོ་ཡིས་ཉི་ཟེར་གྱིས།། སྐད་ཅག་ཡུད
2a2 ཙམ་ཅིག་གིས་དེངས་པ་བཞིན།། གསལ་སྟོང་དུས་ཅིག་རྟོགས་པས་བདེ་བཱ་ཤུགས་ལ་འབྱུང་།། དཔེར་ན་ད་ཕྲུག་མ་དང་ཕྲད་པ་བཞིན།། གྱབས་ཀྱིས་ཆོད་པའི་ལྟ་བ་ནི།། སྣང་སྲིད་འཁོར་འདས་ཐ~ཾད་ལ།། སེམས
2a3 ལས་མ་རྟོགས་ཆོས་མེད་ཕྱིར།། རང་སེམས་བདེ་བར་ངོ་ཤེས་པས། སྣང་སྲིད་བདེ་བར་ཤར་བ་ཡིན།། གཅད་བྱ་གཅོད་བྱེད་གཉིས་མེད་པས།། མཁའ་ལ་ཉི་མ་ཤར་བ་འདྲ།། ཀློང་དུ་གྱུར་པའི་སྒོམ་པ་ནི།། ཡུལ་རྣཾས
2a4 ཀུན་ལ་འཇུག་བྱེད་པ།། མཚན་མའི་བྱེ་བྲག་ཐཾད་ལ།། བདེ་བ་ཆེན་པོའི་རོལ་ཁྱབ་ཕྱིར།། གསེར་འགྱུར་རྩེ་ཡི་སྙིང་པོ་འདྲ།། གདེང་གིས་ཟིན་པའི་སྤྱོད་པ་ཡིན།། ཚོགས་དྲུག་སྤྱོད་ཡུལ་ཐཾད་ལ།། མེ་ཏོག་བུང
2a5 བ་ཕྲད་པ་བཞིན།། གང་འཕྲད་བུང་བས་སྦྲང་རྩི་རྙེད།། སྣང་སྲིད་བདེ་བར་ཤར་བཱ་ཡིན།། གདར་ཤ་ཆོད་པའི་གོལ་སྒྲིབ་ནི།། གཅིག་ལ་གཉིསུ་སྣང་བའི་ཕྱིར།། གྲོང་པ་ཕྱི་ནང་བཟློག་པ་འདྲ།། ཐབས་ཀྱིས་ཟིན
2a6 པའི་དམ་ཚིག་ནི།། འཆིང་བའི་ལས་རྣམས་སྤྱད་པ་ཡིས།། གྲོལ་བར་འགྱུར་བའི་ཐབས་ཤེས་བཤད།། དུག་ལ་སྔགས་ཀྱིས་གསད་པ་འདྲ།། རང་ལ་རྙེད་པའི་འབྲས་བུ་ནི།། ཐོག་མ་མེད་པའི་དུས་མཐའ་ནས།།




iiif viewer powered by OpenSeadragon

1b - 2b

Texts on this page

Gbr003.13 - mngon shes rig pa'i rgyal po'i rgyud