| | e-texts navigator
|
7a1 སྙོམ་པའི་རྒྱུད་ལས། ཁྱད་འཕགས་ཀྱི་ལེའུ་སྟེ། བཅུ་གཅིག་པོའོ།། ། དེ་ནས་དཔལ་ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུ་དེས།། འཁོར་རྣམས་ལ་བཀའ་སྩལ་པ།། ངའི་རྒྱུད་འདི་ནི་རྒྱུད་འདི་ལས་ཁྱད
7a2 པར་དུ་གྱུར་ལ་ཡིན་ཀ་ཏེ།། དེ་ཅིའི་ཕྱིར་ཞེ་ན། ལོག་པའི་ལམ་ནི་རྟག་ཆད་དུ་ཞེན་ལ།། ཉན་ཐོས་ནས་ཨ་ནུ་ཡོ་ག་མན་ཆད་ཀྱང་།། ཕྱོར་ཅིག་ཏུ་ཤོར་ཏེ།། སངས་རྒྱས་ཀྱི་དགོངས་པ་དང་འགལ་ཏེ།། རྒྱུད་འདི་ནི་སྟོང་གསལ་བདེ་བ་ཆེན་པོ
7a3 དུས་གསུམ་གྱི་སངས་རྒྱས་ཐ~ཾད་ཀྱི་དགོངས་པ་ཉིད་དྲིལ་ནས་གཅིག་ཏུ་བསྟན་པ་ཡིན་པས།། ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ཅེས་བྱ་བར་ཟུང་ཤིག། ངའི་རྒྱུད་འདི་ནི་རྟགས་ཙམ་འཛིན་པའི་དུས་འབྱུང་བར་ཉེ་བར་ན།། གང་ཟག་སྐལ་བ
7a4 དང་ལྡན་པ་རྣམས་ཀྱིས་སྤྱོད་པར་འགྱུར་རོ།། དེ་ཡང་རྒྱུད་འདི་བསྟོན་པ་འི་དུས་སུ་མ་འོངས་པའི་རྣལ་འབྱོརམ་རྣམས་ཀྱིས་རིག་པ་རྩལ་གྱི་དབང་གསུམ་བསྐུར་ལ།། དམ་ཚིག་ལ་གནས་པར་བྱའོ་ཞེས་བཀའ་སྩལ་པ་དང་།། རྡོ་རྗེ་འཇིམ་པ་ལ་སྩོགས་པ་རྣམ
7a5 ཡིད་རངས་ཏེ།། རང་གིས་སྟོང་གསལ་ཆེན་པོའི་དོན་རྟོགས་ནས་སྐུ་གསུམ་ཡེ་ཤེས་ལྔའི་ངང་དུ་སངས་རྒྱས་པར་གྱུར་ཏོ།། དེ་ལྟར་གྱུར་ནས་དཔལ་རྡོ་རྗེ་འཆབ་ལ་འཁོར་རྣམས་ཀྱིས་རྡོ་རྗེའི་ཚིག་ཏུ་བསྟོད་པ་ནི།། ཨེ་ལ་ཧོ་བདུད་བཞི་བཅོམ་ནས་ཡོན་ཏམ་ལྡན།།
7a6 མཚན་མའི་དངོས་པོ་ཀུན་ལས་འདས།། སྟོང་གསལ་བདེ་བའི་བདགེ་ཉིད་ཅན།། འདི་མཁྱེན་པ་དང་ལས་བསྟོད།། ཅེས་པས་རྡོ་རྗེའི་ཚིག་གིས་བསྟོད་པར་གྱུར་ཏོ།། ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས།། རྒྱུད་ཡོངསུ་གཟུང
iiif viewer powered by OpenSeadragon
6b - 7b