e-texts navigator
Collection
Volume
Page
Wylie

6a1 དེ་ནས་གཞན་ཡང་བཤད་ཀྱིས་ཉོན།། དེ་ཉིད་ལ་ཟླ་བའི་རིམ་པ་ནི།། སདྱས་ས་ལ་གནས་འདོད་ན།། ཟུང་འཇུག་ཉིད་དུལ་ཆེམ་ཟླ།། སྟོང་གསལ་དཔལ་གནས་ཙམ་ན།། སྙིང་རྗེ་དང་གྲི་འབྱུང་བ་ནི།། སྟོང་ཉིད་སྙིང་རྗེ་ཟུང
6a2 འཇུག་ཡིན།། དེ་ཉིད་འཛིན་མེད་རང་ཤར་དུ།། གནས་མ་བདེ་སྟོང་ཟུང་འཇུག་ཡིན།། གསལ་ཡ་དང་ནི་སྟོང་པ་དག། གཉི་སུ་མེད་ན་ཟུང་འཇུག་ཡིན།། ལྟ་བ་དང་ནི་སྤྱོད་པ་དག། གཉིས་མེད་ཟུད་འཇུག་ཉིད་དུ་བཟླ།། ཐབས་དང་ཤེས་རབ་ཟུང་དུ་འཇུག།
6a3 སྟོང་གསལ་བདེ་བ་ཟུང་དུ་འཇུག། མ་ཞེན་བློ་ལས་འདས་པ་ན།། སྟོང་གསལ་ཆོས་སྐུ་ལདེ་ཆེན་ཡིན།། རིག་པ་སྟོང་གསལ་བདེ་ལ་ལ།། སྣང་བ་འཛིན་མེད་འབ་ཤར་ན།། གཉིས་མེད་བདེ་བ་ཆེན་པོ་ལ།། ཐུན་དུ་བཅད་ལ་སྒོམ་དུ་མེད།།
6a4 བར་བར་སེམས་ཀྱིས་སེམས་ལ་བྱར་བྱ།། བྱར་པ་ལ་ངོས་བཟུང་མེད།། དེའི་དཔལ་གནས་པ། དེ།། མཐའ་དབུས་མེད་པའི་དགོངས་པ་དེ།། གང་གང་སྣང་ལ་ཆོ་སྐྲ་ཡིན།། གང་གང་ནིག་པ་ལོང་སྐུ་ཡིན།། སྣ་ཚོ་ཌ་ཤར་བ་སྦྲུལཱ་སྐ་ཡིན།། དེ་གསུཾ་དབྱེར་མེད་རྡོ་རྗེའི་སྐུ།།
6a5 སྣང་བ་སྐུ་ལ་དྲག་པ་གསུང་།། དྲན་རྐོ་ཌ་ཐུཊ་ཀྱི་འཁོར་ལོ་ཡིན།། བགྲོད་དུ་མེད་པ་ས་ཆེན་ནོན།། ཞེས་གསུང་སོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་ལོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས།། ལ་ཟླ་བའི་ལེའུ་སྟེ། བཅུ་པའོ།། །
6a6 དེ་ནས་གཞམ་ཡང་གུས་པར་ཉོན།། རྫོགས་ཆེན་མན་ངག་དམ་པ་འདི།། ཐེག་པ་ཀུམ་ལས་ཁྱད་པར་འཕགས། ཀུན་གྱི་དངོས་བཞིར་ཤར་བས་ན།། ལྟ་བ་ཁྱད་པར་འཕགས་པ་ཡིན།། འཛེམ་མེད་རང་ཤར་ཟུང




iiif viewer powered by OpenSeadragon

5b - 6b

Texts on this page

Gbr003.10 - rdzogs pa chen po kun tu bzang po ye shes gsal bar ston pa'i rgyud