e-texts navigator
Collection
Volume
Page
Wylie

3a1 བ་ལ་སྩོགས་རིགས་ལྔའི་སངས་རྒྱས་ལ་བཀའ་སྩལ་པ།། སེམས་ཉིད་རྟོགས་དང་མ་རྟོགས་ལས།། འཁོར་བ་དང་ནི་མྱ་དམ་འདས།། གཞི་ནི་སྟོང་གསལ་མིང་མ་ཐོགས།། གང་དུ་འང་མ་གྲུབ་ག་བུར་ཚུལ།། མཉམ་པ་ཉིད་ཀྱི།
3a2 ར་བབཞིམ་ལས།། མཚམ་མ་རབས་མ་གྲོལ་བ་ཡིས།། སྟོང་གསལ་ངང་དུ་སངས་རྒྱས་ཏེ།། སྐུ་གསུམ་ཞིང་ཁམས་དག་ཏུ་སྣང་།། ། མ་རྟོགས་འཁྲུལ་པའི་ཤེས་པ་དེ།། ཀུམ་གཞི་འོད་ཀྱི་ཁང་བུ་ནས།། མ་རིག་པ་ཡིས
3a3 འཁྲུལ་པ་ཡི།། དྲན་པ་འཕྲ་མོའི་རྒྱུན་བྱུང་ནས།། འབྲུ་བ་དྲམ་པས་ངམ་འཛིམ་བྱུང་།། ངང་འཛིམ་དག་ལས་འཁོར་བ་ཁྱམ།། མིང་མ་ཐོག་ཀྱི་སྐྱེས་ནས།། འཆར་སྒོ་རྣམ་པ་གཉིས་སུ་བྱུང་།། དེ་ཡང་མ་རིག་ཡེ་ཤེས་ཏེ།། མ་རིག
3a4 ཡེ་ཤེས་ཐ་དད་མེད།། སོ་སོར་ཕྱེ་བ་རྣམ་པར་འཙམ།། མ་རྟོགས་པ་ལ་ལམ་དུ་ཅིག། རྟོགས་ན་བྱང་ཆུབ་ཆེན་པོའི་ལམ།། ཞེས་བཀའ་སྩལ་ཏོ།། རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡིས་གསལ་བར་སྟོན་པའི་རྒྱུད་ལས། འཁོར
3a5 འདས་གྱིས་པའི་ལུགས་བསྟན་པའི་ལེའུ་སྟེ། གསུམ་པའོ།། །། དེ་ནས་ཡང་རྡོ་རྗེ་འཛིན་པས་གསོལ་པ།། དེ་ལྟར་གསུང་པའི་དོན་དེ་ལ།། མིང་མ་ཐོགས་ཀྱི་སྐྱེས་ནས།། འཆར་སྒོ་གཉིས་སུ་བྱུང་བ་ཡང་།། གཞི
3a6 དདང་འཁྲུལ་པའི་མཚམ་ཉིད་དེ།། གཞི་ལ་འཁྲུལ་པ་གྲུ་ཡི་གྲུབ།། འཐུན་པའི་དཔེ་ནི་ཅི་ཡི་མཚོམ།། འཁྲུལ་པ་རྩད་ནས་ཅི་ལྟར་བཅད།། ཅེས་གསོལ་པ།། ཀུམ་ཟོང་ཉིད་ཀྱི་བཀའ་སྩལ་པ།། གཞི་ནི་ངེས་པའི་ཆོས་སྐུ་སྟེ།




iiif viewer powered by OpenSeadragon

2b - 3b

Texts on this page

Gbr003.10 - rdzogs pa chen po kun tu bzang po ye shes gsal bar ston pa'i rgyud