e-texts navigator
Collection
Volume
Page
Wylie

2b1 པས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཐཾ་སྟོང་གས་ལ་ཆེན་པོའི་རླུངས་ནིམ་སྒྲུབས་མ་ལས་འདས་ལའི་དེ་བཞིན་ཉིད་དེ་ཁོ་མའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། དེ་ནས་རྡོ་རྗེ་འཛིན་པ་རང་གི་བསྟུན།
2b2 ལས་ལངས་ཏེ།། འདི་སྐད་ཅེས་གསོལ་ཏོ།། ཀྱཻ་ཀྱཻ། བཅོམ་ལྡན་འདས་གསང་བ་མཆོག། ཉིད་ཀྱི་ཡེ་ཤེས་གསལ་བའི་དོན།། སྟོང་གསལ་ཆེན་པོའི་བདག་ཉིད་དེ།། རིམ
2b3 བར་བདག་འདུད་བཤད་དུ་གསོལ།། ཅེས་གསོལ་པས།། བཅོམ་ལྡན་འདས་དཔལ་ཏུ་བཟང་པོ་གསངདྲ་བ་མཆོག་གི་བདག་པོས་བཀའ་སྩལ་པྲ།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད།། གུས
2b4 པར་ཉོན་ལས་ཡིད་ལ་ཟུང་།། ཆོས་ཉིད་ཡེ་ཤེས་གསལ་བ་ནི།། ཀུན་གྱི་རྩེབ་སེམས་ཉིད་དེ།། རྩ་བ་དེའི་དོན་རྟོགས་ན།། ལྟ་བ་མ་འགས་སེམས་ཀྱི་ན་མཁའ་ཡིན།། སྒོམ་པ་འཕགས་སེམས
2b5 ཉིད་ཡུལ་མེད་གསལ།། སྤྱོད་པ་མ་འགགས་སེམས་ཉིད་རྒྱ་མཚོའི་འཇིང།། འབྲས་བུ་མ་འགགས་སྐུ་གསུམ་ཡེ་ཤེས་ལྔའི་ངང་།། དེ་ཉིད་མ་རྟོགས་འཁོར་བར་སྣང་།། ཞེས་བཀའ་སྩལ་ཏོ།། །
2b6 ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བ་རོ་སྟོན་པའི་རྒྱུད་ལས།། གླིང་གླང་ནས་ལན་གསུང་བའི་ལེའུ་སྟེ། གཉིས་པའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་ལོ་དེས།། རྡོ་རྗེ་འཛིན




iiif viewer powered by OpenSeadragon

2a - 3a

Texts on this page

Gbr003.10 - rdzogs pa chen po kun tu bzang po ye shes gsal bar ston pa'i rgyud