e-texts navigator
Collection
Volume
Page
Wylie

7a1 ཆགས་དང་བྲལ་བ་ཞི།། དངོས་པོ་མེད་དང་རྣམ་པར་སྤོང་།། བདུད་རྩི་ཆེན་པོའི་རང་བཞིན་པས།། བཟའ་བའི་ཐབས་ལ་རེག་པ་མེད།། ཡང་སོ་ཆེའོ་ཆོས་ཆེན་པོ།། ཆུང་ངུན་རྣམས་ཀྱི་གཡིན་པོར་གསུང
7a2 ཆེ་ལ་མི་དམིགས་ཆ་བསྙམས་ནས།། ཆུང་ཆེ་དེ་རྣམས་དམིགས་དང་བྲལ།། གསུངས་དང་རྒྱས་དང་དམིགས་དང་སྣང་།། སྒྱུ་མཁན་རིན་མོའི་རྣམ་པ་བཞིན།། འབྱུང་འཇུག་ཡེ་ཤེས་ཚུགས་པ་ཡིས།། དེའི་དབང
7a3 ལས་སྐྱེས་པར་འགྱུར།། གཏང་ངོ་བཞག་གོ་རང་བཞིན་གནས།། འདོད་པ་མེད་ཅིང་ལེན་པ་མེད།། བྲོད་པ་རྡུལ་ཙམ་མི་བ་སྐྱེད་ཅིང་།། ཁྱུང་ཆེན་ནམ་མཁའ་ལྡིངས་པ་བཞིན།། སྤྲོ་བ་མེད་ཅིང་བསྡུ་བ་མེད།།
7a4 གཏོར་བར་མི་དོགས་བཟའ་བ་མེད།། བཟའ་བའི་ཡུལ་བྲལ་རེ་དོགས་མེད།། རྒྱུ་མཚོ་བཞིན་དུ་ཡེ་གནས་ལ།། ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད།། ཡོན་ཏན་ནམ་མཁའི་མཐའ་དང་མཉམ།། བསྡུ་བའི
7a5 གནས་སུ་ངེས་པ་མེད།། བྱང་ཆུབ་སྙིང་པོ་དེ་མ་ཐག། ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང་།། སྣང་བ་རྒྱ་མཚོ་ཆེན་པོ་བཞིན།། མི་རྟོག་ནམ་མཁའི་མཐའ་ལྟར་ཡངས།། ཀུན་ཏུ་བཟང་པོའི་སྤྱོད་ཡུལ་ལ།། སྐྱེ་ཤི
7a6 འཕོ་བའི་གནས་མེད་དོ།། རྒྱུ་རྐྱེན་ཡན་ལག་བཅུ་གཉིས་པོ།། བཀུར་པ་བཏགས་ཏེ་བཤད་པ་ཡིན།། འཁྲུལ་པ་རྣམས་ཀྱི་སྒོ་ཙམ་དུ།། མཁས་པས་དེ་བཞིན་ཤེས་པར་གྱིས།། འགྲོ་བ་རྒྱུ་དྲུག་སྣང་བ་ཡང་།




iiif viewer powered by OpenSeadragon

6b - 7b

Texts on this page

Gbr002.28 - mkha' 'gro chen mo kye ma 'od mtsho'i dbang gi sbyin sreg mngon rtogs dngos grub nor bu 'od 'bar