| | e-texts navigator
|
6a1 པས་དབྱིངས་ལ་བྲི་བ་མེད།། ཆོས་ཀྱི་རོལ་པས་ཉམ་ཕག་ལྷག་པའི་གནས་མེད་དེ།། རང་འབྱུང་ཆེ་བའི་ཡུལ་ལ་ཀུན་ཏུ་ཇི་བཞིན་གནས།། ངོ་མཚར་མཐོང་བའི་ཡུལ་མེད་ངོ་མཚར་མཐོང་བའི
6a2 མིག། གང་ལའང་ཐོས་པར་མི་རིགས་བརྙེད་པ་ཀུན་དང་བྲལ།། ཆོས་དང་ཆོས་མིན་རྟག་ཏུ་འདྲེས་ཤིང་དབྱར་མེད་ལ།། དོན་དམ་ཆོས་ཞེས་ལྷག་པའི་གནས་ཞེས་བཤད་པའང་མེད།། འཁྲུལ་དང་བྱང་ཆུབ་ལམ་དེ་རྟོག
6a3 པས་ཐོབ་པ་མེད།། རང་འབྱུང་ཡེ་ཤེས་དེ་ཉིད་ཚིག་གི་མཐའ་དང་བྲལ།། ཡེ་ནས་སངས་རྒྱས་པའི་བདག་ཉིད་མངོན་པར་གནས་པ་ལ།། གྲབི་མས་གཟུགས་ཀྱི་དཔེ་བཞིན་དེ་ལ་རྟོག་པ་བྱུང་།། མེད་དེ་མེད་པ་མ་ཡིན
6a4 མེད་པའི་སྙིང་པོ་འབྱུང་།། སྟོང་དེ་སྟོང་པ་མ་ཡིན་སྟོང་པའི་ཡུལ་ལ་གནས།། ནམ་མཁའི་རང་བཞིན་དེ་ལས་འབྱུང་བའི་དྲན་པ་བསྐྱེད།། བྱ་བྲལ་ཟིན་པའི་བདེ་བ་འདོད་པ་མེད་པས་ལེན།། བཟའ་བའི་ཡུལ་མེད་དེ
6a5 ལ་ཡེ་ཤེས་འབྱུང་བ་བརྩོམ།། སྔོན་གྱི་དྲང་སྲོང་རྗེས་སུ་བསྒོམ་པའི་ཡིད་ཀྱང་འཇོག། རྣམ་རྩོལ་འབད་པའི་གདུང་བས་ཀུན་ཏུ་ཟིན་པས་སྟེ།། རང་བཞིན་ལམ་དེ་འཁྲུལ་པ་ཐམས་ཅད་མཁྱེན་པ་མེད།། ཇི་བཞིན
6a6 པཔ་ཞེས་རྣམ་རྟོག་དེ་ཕྱིར་རྟོག་བསྒོམ་པ།། བདེ་བ་ཆེན་པོ་འདོད་པས་ཆགས་པའི་ནད་ཡོན་ཏེ།། མི་གཡོ་རང་བཞིན་གནས་པའི་སྨན་ཆེན་མ་བྱས་ན།། མཐོ་རིས་བགྲོད་པའི་རྒྱུ་དེས་ཉོན་མོངས་ཟིན་པར་འགྱུར།། ལམ
iiif viewer powered by OpenSeadragon
5b - 6b