e-texts navigator
Collection
Volume
Page
Wylie

5b1 ཐིག་ལེའོ།། བཅོམ་ལྡན་འདས་ལུང་ཐམས་ཅད་ཀྱི་བདག་ཉིད་དཔལ་རྡོ་རྗེ་སེམས་དཔས་དེ་སྐད་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ།། རྫོགས་སོ།།
5b2 བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། མི་གནས་དམིགས་པའི་ཡུལ་མེད་མི་རྟོག་ཆོས་ཀྱི་ལམ།། བསྔོ་ཆ་ཤས་ཕྲ་མོ་ཡུལ་ལས་འབྱུང་བ་སྟེ།། རྟོག་སྒོམ་ཆོས་ཀྱི་སྐུ་ནི་ཁྱད་པར
5b3 དོན་མེད་པས།། རང་འབྱུང་ཡེ་ཤེས་མི་རྟོག་ཀུན་ཏུ་ཇི་བཞིན་གནས།། བྱ་བྲལ་ཡུལ་ལས་མི་གནས་གཡེན་པོས་བཅོས་སུ་མེད།། ཡན་ལག་ཆོས་ཀྱི་དབང་གིས་སྙིང་པོའི་ཡུལ་འཚོལ་ཞིང་།། རྣམ་པར་ཅིར་ཡང
5b4 མི་རྟོག་ཐབས་ཀྱི་དེ་ལ་རོལ།། སྙིང་པོའི་རང་བཞིན་འབྱུང་བས་ཆོས་སྐུ་གཞན་ན་མེད།། རྡུལ་ཕྲན་གཅིག་ལས་གསེས་ཤིང་ཕྱོགས་ཆ་ཀུན་དང་བྲལ།། མི་གནས་དོན་ཉིད་ལེགས་པས་ཡེ་ཤེས་རང་འབྱུང་སྟེ།།
5b5 མངོན་སུམ་ཀུན་ཏུ་མི་རྟོག་ཡངས་པའི་སྙིང་པོ་ལ།། རྣམ་དག་ལམ་འདིར་ཞུགས་ནས་མཉམ་པའི་རྒྱལ་པོ་ཐོབ།། མི་འགྱུར་འགྱུར་བ་མེད་ལ་ཆགས་པའི་གནས་མེད་དེ།། དེ་བཞིན་གཟུང་བའི་ཡུལ་མེད་སེམས
5b6 ཀྱི་གནས་ཀྱང་མེད།། མངོན་སུམ་ཐོབ་པ་འདོད་པས་རྒྱུ་ལ་རྟག་ཏུ་བསྒོམ།། བསྒོམ་ཆགས་བདེ་བ་དེ་ལ་མཉམ་པའི་དོན་མི་འབྱུང་།། སྐུ་གཅིག་ཀུན་ཏུ་ཁྱབ་པས་བསྣན་པའི་ཆོས་མེད་དེ།། མཐའ་ལ་ཐུག་པ་མེད




iiif viewer powered by OpenSeadragon

5a - 6a

Texts on this page

Gbr002.28 - mkha' 'gro chen mo kye ma 'od mtsho'i dbang gi sbyin sreg mngon rtogs dngos grub nor bu 'od 'bar