e-texts navigator
Collection
Volume
Page
Wylie

9b1 ཎ་ཕྱག་རྒྱའི་དཀྱིལ་འཁོར་དབང་ལ་རག་མ་ལས།། མ་བརྗོད་སྙིང་པོ་དང་ས་ཀུན་རྫོགས་པས།། སྔགས་ཚིགས་བདེ་བའི་དབང་གི་བལྟོས་པ་མེད།། མཚན་མ་ཀུན་བྲལ་རང་སེམས་རྫོགས་པ་ལ།། རྫས་དང་ཏིང་འཛིན་དོམ་ལ་བརྩོལ་བ་མེད།།
9b2 ཐབས་སྤྱི་བླུགས་ཚངས་པའི་དབང་ཆེན་གྱིས།། མ་བསྐུར་རང་བཞིན་རྫོགས་པ་འདི་རྟོགས་པས།། དབང་མཆོག་ལྷུན་གྲུབ་བདེ་ལ་གནས་པར་འགྱུར།། རིག་པའི་རྒྱལ་པོ་ཀུན་ལ་དབང་བསྐུར་བས།། རྣམ་རྟོག་མཚན་མའི་དབང་ལ
9b3 རྟེན་མི་འཆའོ།། དབང་གི་དབང་མཆོག་ཟབ་མོ་རྫོགས་པའི་དབང་།། རྟོགས་པས་མ་བསྐུར་ལྷུན་རྫོགས་ཡེ་སངས་རྒྱས།། འདུས་བྱས་མ་ཡིན་སྐྱེ་འཇིག་མེད་པའི་དབང་།། རིམ་བགྲོད་མ་ཡི་མདུས་གཅིག་རྫོགས་པའི་དབང་།།
9b4 རྫོགས་པས་བསྒྲུབ་མི་དགོས་ཏེ་རང་བཞིན་རྫོགས།། ཡེ་ཐོབ་རང་བཞིན་ཐིག་ལེ་རྫོགས་པའི་ཛི་ནི།། བརྗོད་བྲལ་མཚོན་པས་དགའ་བའི་ཡེ་ཤེས་ཡིན།། འབྱེད་མེད་རང་བཞིན་གསལ་བའི་ཡེ་ཤེས་ཏེ།། དམིགས་བྲལ་མཚན་མམ
9b5 བའི་ཤེས་རབ་ཡིན།། མ་ལུས་ཀྱུ་མ་གྲུབ་མི་འདྲའི་རྒྱ་གདབ།། མ་བཅོས་ལྷུན་གྱིས་རྫོགས་པའི་དབང་བཞི་པ།། རིག་པ་བཅོལ་གྱིས་དབང་ལ་བདེ་ནོས་ཅིག། རིག་པ་བཙལ་གྱིས་ཐོབ་དང་གདམས་ངག་དུས་ཀྱིས་ཐོབ།། སྐལ་མེད
9b6 བརྒྱུད་པས་ཐོབ་པའི་ཐབས་ཉིད་ཀྱིས།། ཅི་རིགས་རང་བྱུང་དང་ལ་ཐབས་ཀྱིས་བཞག། རིན་ཆེན་འཕྲུལ་གྱི་མེ་ལོང་སེམས་ལ་དགྲམ།། རྣ་བ་རྒྱུད་གདམས་ངག་ལེགས་པར་སྙིང་ལ་བསྒོམ།། རྒྱ་རྟགས་བདག་ལ་རྒྱུན་དུ་ལེགས་པར་བཅང




iiif viewer powered by OpenSeadragon

9a - 10a

Texts on this page

Gbr002.24 - rdo rje sems dpa' nam mkha' che gsang ba'i snying po rnal ma don gyi rgyud