| | e-texts navigator
|
7a1 ཡངས་སོ་ཆེའོ་ཐིག་ལེ་གཅིག་གི་དང་།། སྙིང་པོ་གཅིག་ལ་རྟོགས་ཚུལ་མཐའ་ཡས་པས།། འབྲས་བུ་ཁྱད་པར་གྲངས་ལས་འདས་པ་གསུངས།། མ་སྐྱེས་སྙིང་པོ་སྒྲོ་བསྐུར་མེད་པའི་དབྱིངས།།
7a2 སངས་རྒྱས་སེམས་ཅན་མ་སྐྱེས་སྙིང་པོར་མཐོང་།། སྙིང་པོ་མ་མཐོང་སེམས་ཉིད་རྫོགས་པར་མཐོང་།། མཐར་ཐུག་མེད་ཅིང་དབྱིངས་ལ་དྲི་བོ་མེད།། རང་བྱུང་བདེ་ཆེན་དོན་འདི་ཁྱད་པར་འཕགས།། སྐུ་བརྗོད་ཚིག་ལ་དགའ་བས་དོན་མི
7a3 རྟོགས།། སྙིང་པོའི་སྙིང་པོ་བསམ་བརྗོད་ཅིང་།། མི་དམིགས་མ་བསམས་བསམ་པ་གཉིས་མེད་གཅིག་གི་མཐའ།། མཐའ་དང་དབུས་ལ་མི་གནས་མངོན་པར་རྟོག་དཔྱོད་བྲལ།། མ་རྟོགས་མི་བསམ་དེ་བཞིན་ཉིད་ལ་གནས།།
7a4 བདེ་ཆེན་རང་རིག་ཅིར་ཡང་མི་རྟོག་པ།། རྩལ་བྲལ་རིག་པ་དབྱིངས་ལ་ནས།། བདེ་མཆོག་གསང་བའི་ཐིག་ལེ་ཉིད།། ནམ་མཁའ་ཁྱབ་པའི་ཚུལ་དུ་གནས།། མ་སྐྱེས་སྙིང་པོ་བྱང་ཆུབ་སེམས།། འདུ་འབྲལ་མེད་པའི་ངངལ
7a5 བཞུགས། རང་བྱུང་བྱང་ཆུབ་སྙིང་པོ་ལ།། མ་རྩལ་མ་སྒྲུབས་རང་བཞིན་བཞག། གང་དག་ཡེ་ཤེས་ངང་ཡིན་ཡང་།། བསམ་པའི་ངོས་ལ་ཕྱིན་ཅི་ལོག། དམིགས་སྒྱུ་ལ་ནི་ཆུར་བློ་བཞག། དོན་ལ་བཞག་བླང་མེད་ན་ཡང་།། བཏགས
7a6 པའི་འདུ་ཤེས་བསམ་མི་ཁྱབ།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ཀུན་དང་རིག་པ་དུས་མཉམ་པས།། གང་དག་རིམ་པ་མེད་པར་གནས།། འདི་དག་འདི་ལྟར་བདེ་མཆོག་ཡིན།། མ་བཅོས་སྙིང་པོ་མཆོག་གིས་དོམ།
iiif viewer powered by OpenSeadragon
6b - 7b