| | e-texts navigator
|
3a1 དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྩལ་མེད་རིག་པའི་རྒྱལ་པོས།། ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། མ་སྩལ་ལྷུན་གྲུབ་མ་བཅོས་ཆོས་ཀྱི
3a2 དབྱིངས། མ་བསགས་མ་སྦྱངས་ཡ་ནས་ཆོས་བཞིན་དུ།། ར་དུ་བྱུང་གསལ་བའི་དབྱིངས་འདི་བརྗོད་བྲལ་ཏེ།། མཚོན་དང་བརྟག་ཅིང་སྤྱད་པའི་ཡུལ་ལས་འདས། དུས་གསུམ་རྣམ་དག་རིག་པ་དབྱེར་མེད་པས།། རིག་པ་དབྱེར།
3a3 མཽང་གཅིག་ཏུ་ལྷུན་གྱིས་རྫོགས།། མ་བསགས་མ་སྤང་ཡེ་སངས་རྒྱས་པའི་ཀློང་།། མཐའ་བྲལ་རིག་པའི་དཔལ་བསམ་ཞིང་བརྗོད་དུ་མེད།། ཡ་ནས་ཀུན་རྫོགས་བདག་ཉིད་ལྷུན་རྫོགས་པ།། ས་ལ་མི་བགྲོད་ལམ་ལ་མི་སྦྱོང་ཞིང་།། མ
3a4 རྟོགས་ཏིང་འཛིན་སྦྱོང་བ་རྒྱུ་མའི་ནང།། མ་རྩལ་རང་བཞིན་བཞག་པ་གྲུབ་པ་ཡིན།། མ་ཡངས་ཀློང་དུ་ཞུགས་ན་བསྒོམ་པ་ཡིན།། རིག་པ་གཅིག་ལ་རྫོགས་པས་འདུས་པ་ཡིན།། རང་བཞིན་འདུ་བ་མེད་པས་དམ་ཚིག་ཡིན།། མ་སྩལ
3a5 ལྷུན་གྱིས་གྲུབ་པས་འབྲས་བུ་ཡིན།། གཉིས་མེད་དང་ལ་གཉིས་བཟུང་ཐིག་ལེས་བསྒྲིབས།། ཐིག་ལེ་གཅིག་ལ་གཉིས་བཟུང་རྟོག་པས་བཅིངས།། བདེན་པ་གཅིག་ལ་ནོར་བའི་ལུང་གིས་བཏགས།། བསམ་མེད་གཅིག
3a6 ལ་ལོག་རྟོགས་དྲང་བས་བསམས།། རང་བྱུང་དོན་ལ་རྒྱུ་དང་རྐྱེན་དུ་རྫོགས།། ལྟར་མེད་དོན་ལ་ལོག་མཐོང་སྟོབས་ཀྱིས་བལྟས།། བགྲོད་མེད་ལམ་ལ་རྣམ་རྟོག་ཞེན་པས་བགྲོད།། བཟུང་མེད་མཉམ་ཉིད་ཕྱིན་ཅི་ལོག་ཏུ་བཟུང་།།
iiif viewer powered by OpenSeadragon
2b - 3b