e-texts navigator
Collection
Volume
Page
Wylie

8b1 དུ་ཅག་པ་ལཊ་ལ་ལའི་སྨན་ཡང་ལ་ལའི་དག། ཧ་ལ་ནག་པོའི་དུག་དག་ཀྱང་།། ཐབས་མཁས་གཟའ་ལེགས་སྨན་གྱི་མཆོག། སྨན་གྱི་རྒྱལ་པོ་བཅུད་ལེན་ཡང་།། ཐབས་མ་མཁས་ཤིང་བཟའ་ཉེས་ན།། ཧ་ལ་ནག་པོའི་དུག་དང་མཚུངས།། འདོད
8b2 ཆགས་ཞེ་སྡང་གཏི་མུད་ཀྱང་།། བསྐྱེད་པ་མེད་པའི་ཡེ་ཤེས་ཡིན།། རང་བྱུང་ཡེ་ཤེས་ཆེན་པོ་ཡང་།། རྣམ་རྟོག་རླུང་གིས་བསྐྱོད་ཙམ་ན།། འདོད་ཆགས་ཞེ་སྡ་གཏི་མུག་ཡིན།། ས་འོག་གནས་པའི་གསེར་དག་ཀྱང་།། བདག་པོ་མེད་ན
8b3 བརྡོ་དང་འདྲ།། དགོས་པ་ཅི་ཡང་ཚེ་རྒྱུ་མེད།། ཀུན་ལ་ཡོད་པའི་བྱང་ཆུབ་སེམས།། ཡེ་ཤེས་མེད་ན་འཁྲུལ་པ་ཡིན།། དགོས་པ་ཅི་ཡང་ཚེ་རྒྱུ་མེད།། མི་གཡོ་ཡེ་ཤེས་ལྡན་གྱུར་ན།། ཐིག་ལེ་ཉག་ཅིག་ཆོས་ཀྱི་སྐུ།། བྱིན་བརླབས
8b4 ཡིད་བཞིན་ནོར་བུའི་ཚུལ།། དེ་ནས་སེམས་དཔའ་རྡོ་རྗེས།། གསང་བའི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་གསང་བའི་བདག་པོ་ལེགས་རྫོགས་པ་ཆེན་པོའི་ངེས་ཚིག་ཇི་ལྟར་ལགས།། དེ་ལ་བླང་དོར་ཡོད་དམ་མེད
8b5 གསང་བའི་བདག་པོས་གསུངས་པ།། ཇི་ལྟར་ན་མཁའ་མཚན་ཉིད་དུ།། སྣང་ཉིད་མ་བཀག་ཤོད་པ་ལྟར།། རྫོགས་པ་ཆེན་པོའི་མཚན་ཉིད་དུ།། མེད་པའི་ཆོས་དང་ཡོད་པའི་ཆོས།། དེ་བཞིན་སྲིད་དང་མི་སྲིད་པ།། སངས
8b6 རྒྱས་སེམས་ཅན་བདེ་སྡུག་བསྔལ།། བཟང་ངན་ཆེ་ཆུང་སྐྱེ་ན་ཡོན་ཏན།། ལྷག་མ་མེད་པར་ཡོངས་རྫོགས་པས།། དེ་ཕྱིར་དེ་ལ་རྫོགས་ཞེས་བྱ།། རིན་པོ་ཆེའི་སེར་གླིང་དུ།། ཐམས་ཅད་གསེར་ལས་མེད་པའི་ཕྱིར།།




iiif viewer powered by OpenSeadragon

8a - 9a

Texts on this page

Gbr002.23 - man ngag thams cad kyi sdom