e-texts navigator
Collection
Volume
Page
Wylie

6b1 ཇི་བཞིན་པ་ལ་བཅོས་མི་མྱོང་།། གསང་བ་ཆེན་པོ་ཁྱོད་ཀྱིས་ཀྱང་།། ཇི་བཞིན་པ་བཅོས་མ་བྱེད།། སེམས་དཔའ་ཆེན་པོ་རང་ལུས་མ་བཅོས་པ་ལ་ལྷ་མ་སྒོམ།། སྨྲ་བའི་ཚིག་དང་ངང་མ་བཅོས།། ཀྱཻ། སེམས་དཔའ་ཆེན་པོ་ཉོན་ཅིག།
6b2 ཆུ་མ་རྙོགས་ན་དང་།། སེམས་མ་བཅོས་ན་གསལ།། ལམ་ལམ་བགྲོད་ན་ཉེ།། འབྲས་བུ་མ་དམིགས་ན་ཐོབ།། ཀྱཻ། སེམས་དཔའ་ཆེན་པོ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན་དེ་བཞིན་ཉིད་དུ་ཅིག་པ་ལ།། དེ་ལ་སུའང་འ་ཆོས་པར་མ་བྱེད་ཅིག།
6b3 མ་བཅྡོཾས་མཉམ་པའི་རྒྱལ་པོ་དེ་ལ་ནི།། མི་རྟོག་ཆོས་སྐུའི་དགོངས་པ་འདི་ལ་གནས།། ཅི་བཞིན་པ་ལ་བཅོས་མ་བྱེད།། ཇི་བཞིན་པ་ལ་སུས་བཅོས་པ།། དེའི་རྡུལ་དུ་འབྱོར་པ་མེད།། རྣལ་དུ་མ་འབྱོར་དོན་མི་འགྱུར།།
6b4 ཇི་བཞིན་པ་ལ་འཆོས་མ་བྱེད།། ཇི་བཞིན་པ་ལ་སུ་འཆོས་པ།། དེ་ནི་མྱ་ངན་མི་འདའ་ཏེ།། དེ་ནི་འཁོར་བའི་སྙིང་པོ་འགྲུབ།། ཀྱཻ་སེམས་དཔའ་ཆེན་པོ།། རང་ལས་མེད་ཀྱི་གཞན་མ་བལྟ།། འགྲོ་ས་མེད་ཀྱི་ཅོག་གེ་སྡོད།
6b5 ཕུག་ན་འདུག་གི་སྒོར་མ་འབྱུང་།། ཡེ་ནས་ཡིན་གྱིས་གཟོད་མ་ཚོལ།། རང་བྱུང་ཡེ་ཤེས་ཕུག་ནས་སྒོར་ཕྱུང་བས།། མཚན་མ་སྣ་ཚོགས་ཆོས་དང་ཐུག་གིས་ཕྲད།། དེ་ལ་རྟག་ཤིང་འཕྱང་བྱས་པ།། ཁམ་སུམ་འཁོར་བའི
6b6 སྙིང་པོ་འགྲུབ།། རང་བྱུང་ཡེ་ཤེས་ཕུག་ནས་སྒོར་ཕྱུང་བས།། བལྟར་མེད་བལྟས་པས་མ་མཐོང་སྒྲིབ་པ་འབྱུང་།། བཙལ་མེད་བཙལ་བས་མ་གྲུབ་གོས་ས་བྱུང་།། སྐྲྀ། སེམས་དཔའ་ཆེན་པོ།། བྱས་པའི་སྤྱོད་བཟང་མ་མིན།།




iiif viewer powered by OpenSeadragon

6a - 7a

Texts on this page

Gbr002.23 - man ngag thams cad kyi sdom