e-texts navigator
Collection
Volume
Page
Wylie

5a1 ཀྱཻཿསེམས་དཔའ་རྡོ་རྗེ་ཉོན་ཅིག། ངའི་སེམས་ཅིག་ནི།། ཕུན་སུམ་ཚོགས་པའི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱཻཪྵ་གསང་བའི་བདག
5a2 པོ་ལགས་ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། ཕུན་སུམ་ཚོགས་པའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། རང་བྱུང་ཡེ་ཤེས་སྒྲིབ་མེད་པས།། སྟོན་པ་ཕུན་སུམ་ཚོགས་པར་རྟོགས།། རིག་པ་འདུ་འབྲལ་མེད་པ་ནི།།
5a3 དེ་འཁོར་ཕུན་སུམ་ཚོགས་པར་རྟོགས།། སེམས་ཉིད་མ་བཅོས་རྣལ་བཞག་པས།། བསྟན་པ་ཕུན་སུམ་ཚོགས་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ། སེམས་དཔའ་ཆེན་པོ་ཉོན་ཅིག། ངའི་བྱང་ཆུབ་སེམས་ཅིག་ནི།།
5a4 ཚུལ་ནི་ཇི་ལྟར་ཡིན་པར་རྟོགས།། སེཾདའ་རྡོ་རྗེས་གསོལ་པ།། ཀྱཻ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། ཚུལ་ནི་འདི་ལྟར་རྟོགས་གྱུར་ཏེ།། ཡིན་ཚུལ་ངེས་པ་མེད་པ་ལ།། སྣང་ཚུལ་ཅིར་ཡང
5a5 སྣང་བར་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ་སེམས་དཔའ་རྡོ་རྗེ་ཉོན་ཅིག། ཡོད་པར་རྟོགས་སོ་མེད་པར་རྟོགས།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱཻ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ
5a6 སེམས་ཅིག་ནི།། མཚན་མའི་དངོས་པོར་མེད་པར་རྟོགས།། རིག་པའི་ངོ་བོར་ཡོད་པར་རྟོགས།། ཅེས་གསུངས་སོ།། ཡང་གསུངས་པ།། ཀྱཻ། སེམས་དཔའ་རྡོ་རྗེ་ཉོན་ཅིག། ངའི་བྱང་ཆུབ་སེམས་རྟོགས་པས།།




iiif viewer powered by OpenSeadragon

4b - 5b

Texts on this page

Gbr002.23 - man ngag thams cad kyi sdom