e-texts navigator
Collection
Volume
Page
Wylie

4b1 དེས་ན་སེམས་ཉིད་གསུང་དུ་རྟོགས།། ཀུན་གྱི་མི་རྟོག་མཉམ་ཉིད་དེ།། བྱང་ཆུབ་སེམས་ཀྱི་ཐུགས་ཡིན་པས།། དེས་ན་སེམས་ནི་ཐུགས་སུ་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ་སེམས་དཔའ་ཆེན་པོ་ཉོན་ཅིག
4b2 ངའི་བྱང་ཆུབ་སེམས་ཅག་ནི།། དུས་གསུམ་བཞུགས་པའི་རང་བཞིན་པོ།། དེ་ངོམ་ཁྱོད་ཀྱིས་རྟོགས་གྱུར་ཏམ།། ཡང་སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱཻ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི
4b3 དུས་གསུམ་བཞུགས་པའི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། འདས་དང་མ་བྱོན་དུ་ལྟར་གྱིས།། དུས་གསུམ་དབྱེ་བ་མེད་པ་རུ།། བྱང་ཆུབ་སེམས་ནི་གནས་པའི་ཕྱིར།། སེམས་ཉིད་དུས་གསུམ་ཁྱབ་པར་རྟོགས།།
4b4 ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ། སེམས་དཔའ་རྡོ་རྗེ་ཉོན་ཅིག། ངའི་བྱང་ཆུབ་སེམས་ཅིག་ནི།། རྒྱུ་འབྲས་ལམ་གྱི་རང་བཞིན་པས།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་གསོལ་པ།།
4b5 ཀྱི་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། རྒྱུ་འབྲས་ལམ་གྱི་རང་བཞིན་པ།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། སེམས་རྟོགས་སངས་རྒྱས་བྱུང་བའི་ཕྱིར།། སེམས་ནི་སངས་རྒྱས
4b6 རྒྱུ་རུ་རྟོགས།། མ་ཡིས་གནས་པ་ལམ་ཡིན་པས།། སེམས་ནི་སངས་རྒྱས་རྒྱུ་རུ་རྟོགས།། མངོན་དུ་གྱུར་པ་འབྲས་བུ་བས།། སེམས་ནི་འབྲས་བུ་ཡིན་པར་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།།




iiif viewer powered by OpenSeadragon

4a - 5a

Texts on this page

Gbr002.23 - man ngag thams cad kyi sdom