| | e-texts navigator
|
4a1 འབྱུང་ཆེན་ལྔའི་སྐུར་བྱུང་ནས།། ཚིག་དང་ཡི་གེ་རཱ་མི་སྟེན་ཏེ།། རང་གི་ངོ་བོས་ཆེས་སྟོན་ཏོ།། བདག་ཏུ་མི་རྟོགས་གཞན་མི་རྟོགས།། མི་རྟོགས་མཉམ་པའི་ཆོས་སྟོན་ཏེ།། ཅེས་གསོལ་ཏོ།། ཡང
4a2 གསུངས་པ། ཀྱེ། རྡོ་རྗེ་སེམས་དཔའ་ཉོན་ཅིག། ངའི་བྱང་ཆུབ་སེམས་ཅིག་ནི།། ཁམས་སུམ་དག་གི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་རམ།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱེ་གསང་བའི་བདག་པོ་ལགས།།
4a3 ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། ཁམ་སུ་མ་དག་གིས་རང་བཞིན་པ་།། དེ་དོན་བདག་གིས་རྟོགས་གྱུར་ཏེ།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། མ་སྐྱེས་སྟོང་ལ་སྐྱེ་མེད་པས།། དེ་ནི་གཟུགས་མེད་ཁམས་སུ་རྟོགས།། དབང་པོ་ཡུལ
4a4 དུ་སྣང་བ་ནི།། དེ་ནི་གཟུགས་ཀྱི་ཁམསུ་རྟོགས།། དེ་ཉིད་ཞེན་པས་བཟུང་བ་ནི།། དེ་ནི་འདོད་པའི་ཁམ་སུ་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱཻ། སེམས་དཔའ་རྡོ་རྗེ་ཉོན་ཅིག། ངའི་བྱང་ཆུབ་སེམས་ཅིག་ནི།།
4a5 སྐུ་གསུང་ཐུགས་ཀྱི་རང་བཞིན་པ།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་ཏམ།། སེམས་དཔའ་རྡོ་རྗེས་གསོལ་པ།། ཀྱཻ་གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། སྐུ་གསུང་ཐུགས་ཀྱི་རང་བཞིན་པས།
4a6 དེ་ངན་བདག་གིས་རྟོགས་གྱུར་ཏེ།། རང་བཞིན་ངོ་བོ་ཐུགས་རྗེ་གསུམ།། སེམས་ཀྱི་སྐུ་ལས་སྐུ་གཞན་མིན།། དེས་ན་སེམས་ཀྱི་སྐུ་རུ་རྟོགས།། སྣོད་བཅུད་སྒོ་སྐད་སྣ་ཚོགས་པ།། སེམས་ཀྱི་གསུང་ནས་གཞན་མི་གྲགས།།
iiif viewer powered by OpenSeadragon
3b - 4b