| | e-texts navigator
|
3a1 ཅེས་གསོལ་ཏོ།། ཡང་གསུངས་པ།། ངའི་བྱང་ཆུབ་སེམས་འདི་ནི།། ཁ་དོག་དྲུག་གི་རང་བཞིན་ཏེ།། དེ་དོན་ཁྱོད་ཀྱི་རྟོགས་གྱུར་རམ།། སེམས་དཔའ་རྡོ་རྗེས་ཡང་གསོལ་པ།། ཉིད་ཀྱི་བྱང་ཆུབ་སེམས་ཉིད་ནི།།
3a2 ཁ་དོག་དྲུག་གི་རང་བཞིན་པ།། དེ་ནི་བདག་གིས་རྟོགས་གྱུར་ཏེ།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་ལ།། ཉོན་མོངས་སྐྱོན་གྱིས་མ་གོས་པས།། བྱང་ཆུབ་སེམས་ནི་དཀར་པོར་རྟོགས།། ཆེ་བའི་ཡེ་ཤེས་འབྱུང་བའི་ཕྱིར།། བྱང་ཆུབ་སེམས་ནི་སེར་པོར
3a3 རྟོགས། ཐུགས་རྗེ་ཀུན་ལ་ཁྱབ་པའི་ཕྱིར།། བྱང་ཆུབ་སེམས་ནི་དམར་པོར་རྟོགས།། གང་ལའང་ཐོགས་པ་མེད་པའི་ཕྱིར།། བྱང་ཆུབ་སེམས་ནི་སྡང་ཁུར་རྟོགས།། གཞན་གྱིས་བསྒྱུར་དུ་མེད་པའི་ཕྱིར།། བྱང་ཆུབ་སེམས་ནི་ནག
3a4 པར་རྟོགས།། སྣ་ཚོགས་ཅིར་ཡང་སྣང་བའི་ཕྱིར།། བྱང་ཆུབ་སེམས་ནི་ཕྲ་བོར་རྟོགས།། ཅེས་གསོལ་ཏོ།། ཡང་གསུངས་པ།། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། དེའི་བྱང་ཆུབ་སེམས་ཅིག་ནི།། འདོད་སྤྱོད
3a5 ལྔའི་རང་བཞིན་པས།། དེ་དོན་ཁྱོད་ཀྱིས་རྟོགས་གྱུར་རམ།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། ཀྱཻ། གསང་བའི་བདག་པོ་ལགས།། ཉིད་ཀྱི་བྱང་ཆུབ་སེམས་ཅིག་ནི།། འདོད་སྤྱོད་ལྔའི་རང་བཞིན་པ།། དེ་དོན
3a6 བདག་གིས་རྟོགས་གྱུར་པས།། སྣང་བ་ཐམས་ཅད་སེམས་ལས་སྣང་།། དེས་ན་སེམས་ཉིད་གཟུགས་སུ་རྟོགས།། གྲགས་པ་ཐམས་ཅད་སེམས་ལ་གྲགས།། དེས་ན་སེམས་ཉིད་སྒྲ་རུ་རྟོགས།། རོ་མཆོག་ཐཐཾད་སེམས་ལས་བྲོ།།
iiif viewer powered by OpenSeadragon
2b - 3b