| | e-texts navigator
|
11a1 དེ་བཞིན་ནང་དུ་མི་རྩོལ་ན།། དེ་ནི་ནཱ་མཁའི་དགོངས་པར་བཤད།། བྱང་ཆུབ་སེམས་ཀྱི་ཆོས་ཉིད་དེ།། བྱང་ཆུབ་སེམས་སུ་ཞུགས་ཙམ་ན།། ཐམས་ཅད་འབྱུང་བའི་བདག་ཉིད་དུ།། ཆོས་རྣམས
11a2 ཀུན་གྱི་སྙིང་པོར་བཞུགས།། ཆོས་ཀྱི་སྐུ་རུ་བཞུགས་ཙམ་ན།། བཟུང་འཛིན་གཉིས་དང་བྲལ་བར་བཞུགས།། ལོངས་སྤྱོད་རྫོགས་སྐུ་བཞུགས་ཙམ་ན།། འདོད་པ་ཕུན་སུམ་ཚོགས་པར་བཞུགས།། སྤྲུལ་པའི་སྐུ་རུ་བཞུགས་ཙ་མ།།
11a3 གང་ལ་གང་དགོས་དེར་སྤྲུལ་ནས།། དགོངས་པ་ཕུན་སུམ་ཚོགས་པར་བཞུགས།། རང་བྱུང་ཡེ་ཤེས་བཞུགས་ཙམ་ན།། གང་ཡང་ཆགས་པ་མེད་པར་བཞུགས།། གསལ་ལ་གཞན་རྟོག་མེད་པར་བཞུགས།། འཁྲུལ་པའི་བློ
11a4 རུ་བཞུགས་ཙམ་ན།། ཅི་ལྟར་སྣང་བའི་ཆོས་རྣམས་ཀུན།། བདེན་འཛིན་བློ་ཡིས་བཟུང་ནས་བཞུགས།། ཅེས་གསུངས་སོ།། ཡང་གསུངས་པ།། ཀྱཻ་གསང་བའི་བདག་པོ་ལགས།། རང་བྱུང་ཡིས་ཞེས་བགྱི་བ།།
11a5 སྲ་དང་སྲའི་རྣམ་པ་རྣམས།། དེ་དོན་བདག་ལ་བསྟན་དུ་གསོལ།། གསང་བའི་བདག་པོས་གསུངས་པ།། རང་བྱུང་རྒྱུ་རྐྱེན་མེད་པ་ནི།། ཡེ་ཤེས་སྒྲིབ་པ་མེད་པ་ཡིན།། རང་བྱུང་ཡེ་ཤེས་ཆེན་པོ་ལ།།
11a6 ཏིང་འཛིན་བག་ཆགས་མི་སོགས་འདི།། བཙོ་ལ་སྒྲུབ་དག་ལས་མི་འབྱུང་བས།། རང་བྱུང་ལས་ཀྱི་དང་པོ་མི་འགྱུར།། ཡུལ་འབྱུང་བྱས་འགྱུར་ཡེ་ཤེས་དེ།། ཡུལ་ལས་འབྱུང་ཞིང་གནས
iiif viewer powered by OpenSeadragon
10b - 11b