e-texts navigator
Collection
Volume
Page
Wylie

23a1 འབྲས་བུ་ཇི་ལྟར་སྨིན།། ཞེས་ཞུས་སོ།། དེ་ནས་དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་འདུས་པའི་ཚོགས་ལ་འདི་སྐད་ཅེས་གསུངས་སོ།། ཀྱཻ་སེམས་དཔའ་ཆེན་པོ།། གདོད་ནས་མ་བརྩལ་ལྷུན་གྲུབ་པས།། བགྲོད་པས་ཐོབ
23a2 པའི་འབྲས་བུ་མིན།། རྒྱ་རྐྱེན་མེད་པའི་རང་བྱུང་པས།། སྐྱེ་ཞིང་འཇིགས་པའི་འབྲས་བུ་མིན།། ཐམས་ཅད་བྱང་ཆུབ་སྙིང་པོ་བས།། གཞན་ལས་ཐོབ་པའི་འབྲས་བུ་མིན།། དུས་གསུམ་ཅིག་ཆར་ལྷུན་རྫོགས་པས།། རིམ་པར་ཐོབ་པའི་འབྲས་བུ
23a3 མི་ན་ཐོག་མ་ཐ་མའི་ཚད་མེད་པས།། གྲངས་དང་ཚད་ཀྱི་འབྲས་བུ་མིན།། མ་བརྩལ་རང་བཞིན་ལྷུན་གྲུབ་པས།། བརྩལ་ཞིང་སྒྲུབ་པའི་འབྲས་བུ་མིན།། དང་པོར་སྐྱེ་བའི་རྒྱུ་མེད་པས།། ཐ་མར་འཇིག་ཅིང་འགག་པ་མེད།། རང་བྱུང་ལྷན་གྲུབ།
23a4 འབྲས་བུ་ནི།། གདོད་ནས་ལྷུན་གྲུབ་རང་འཆར་བས།། འབྱུང་བ་ལྔ་ལ་རག་མ་ལས།། སྐུ་གསུང་ཐུགས་ལ་རྟེན་མི་འཆ།། གསལ་བྱེད་རིག་པའི་སྒྲོན་མ་ཡིས།། གཏེར་ཁྱིམ་ཕུང་པོ་གསལ་བྱེད་ལྟར།། སྨན་པའི་བློ་སྤངས་གང་དག་ལ།། ལག་གི་ནོར
23a5 བུ་བསྟན་དང་མཚུངས།། ཏཀྵ་ཀའི་ནོར་བུ་ལྟར།། མ་བསགས་ལྷུན་གྲུབ་བྱིན་བརླབས་ཅན།། འཛིན་རྟོག་ཞེན་པ་མི་མངའ་ཡང་།། བྱིན་བརླབས་རྒྱ་མཚོའི་ཚུལ་དུ་སྣང་།། སུ་བརྒྱ་འོད་ཀྱི་སྙིང་པོ་ལྟར།། གདོང་ནས་རྫོགས་པའི་བྱིན་བརླབས
23a6 ཉིད་དུ་འགྲོ་འོང་མེད་པར་སྣང་བ་ལས།། རྒྱུ་འབྲས་རིམ་པ་ག་ལ་ཡོད།། འབྲས་བུ་ཉིད་ལ་འབྲས་བུ་འབྱུང་།། གདོད་ནས་ལྷུན་རྫོགས་སྙིང་པོ་ལ།། རྒྱུ་དང་འབྲས་ལྟ་ག་ལ་ཡོད།། རིན་ཆེན་གསེར་གྱི་གོང་བུ་ལྟར།། ཅི་ལྟར་སྣང་ཡང་དབྱིངས




iiif viewer powered by OpenSeadragon

22b - 23b

Texts on this page

Gbr002.22 - byang chub sems nya mo 'khor lo'i rgyud