| | e-texts navigator
|
22b1 བ་ལྟར།། བརྩལ་མེད་བྱིན་གྱིས་བརླབས་ཀྱིས་འབྱུང་།། གདུལ་བྱའི་དུས་ན་སྐབས་ཀྱིས་འཐུན།། ལྷན་གྲུབ་དུས་ན་ཕྱོགས་རིས་མེད།། སྐུ་གསུང་མཛད་པ་མཐའ་ཡས་པ།། ལྷུན་གྲུབ་སེམས་ཀྱི་མཛད་པ་ཡིན།། ལྷུན་གྲུབ་མཛད་པ་མ་རྟོགས་ན།། ཕྱོགས
22b2 འཛུན་མཛད་པས་དོན་མ་མཐོང་།། བྱ་བྲལ་གསང་བའི་མཛད་པ་ནི།། གང་ཡང་མིན་ནོ་དེ་ལྟར་ཡིན།། ཐབས་ལྡན་རིག་པ་གཏེར་གྱི་དབྱིངས།། བག་ཡངས་ཐབས་ལ་འགག་པ་མེད།། མ་རིག་ལོག་པ་དྲང་ཐབས་སུ།། ཐབས་ཀྱི་མཛད་པ་བསམ་མི་ཁྱབ།།
22b3 མུ་སྟེགས་དམན་པའི་མཛད་སྤྱོད་ཀྱང་།། རོལ་པ་བདེ་མཆོག་ཉིད་ཡིན་ན།། གཞན་ལྟ་སྨོས་པ་ཅི་ཞིག་དགོས།། གསང་དོན་བརྟགས་ན་བདེ་བའི་ས།། དེ་མ་ཐག་ཏུ་ལྷུན་གྱིས་གྲུབ།། མ་ཆགས་ཐབས་ཀྱི་མཛད་པ་ནི།། ཅི་ཡང་ཡིན་ནོ་གང་ཡང་རུང་།
22b4 མ་བཅོས་ཐབས་ཀྱི་འཕྲིན་ལས་ལ།། བྱ་དང་མི་བྱ་ཅི་ལ་ཡོད།། བདག་མེད་གཞན་མེད་རིག་པའི་ཀློང་།། བསམ་ཞིང་སྤྱད་མེད་དེ་བཞིན་ཉིད།། ཕྱི་ནང་ཀུན་བྲལ་ཆོས་ཀྱི་དབྱིངས།། ཁྱབ་པར་གསལ་ལ་ངོས་བཟུང་མེད།། མི་འབྱུང་མི་འཇུག་དགོངས
22b5 པའི་ཀློང་།། བྱ་མེད་མ་ཡེངས་དྲན་བསམ་བྲལ།། རང་གཞག་རིག་པ་གྱི་ནར་གནས།། བྱ་བྲལ་རིག་པའི་འཕྲིན་ལས་ཏེ།། མ་བཅོས་རིག་པ་ཐབས་ཀྱིས།། ཞེས་གསུངསོ།། ཉ་མོ་འཁོར་ལོའི་རྒྱུད་ལས།། བྱ་བརྩལ་བྲལ་བར་བསྟན་པའི་ལེའུ་སྟེ
22b6 བཅོ་ལྔ་པའོ།། ། དེ་ནས་ཡང་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་སངས་རྒྱས་ཐམས་ཅད་ཀྱི།། རང་བྱུང་ཉག་ཅིག་དྲི་མེད་ལ།། རྩོལ་ཞིང་སྒྲུབ་པའི་ཆོས་མེད་པའི།། རང་བྱུང
iiif viewer powered by OpenSeadragon
22a - 23a