e-texts navigator
Collection
Volume
Page
Wylie

22a1 འཁོར་བའི་གནས་སུ་ལྟུང་།། ཞེས་གསུངས་སོ།། ཉ་མོ་འཁོར་ལོའི་རྒྱུད་ལས། ལྷུན་གྲུབ་བསྲུང་བྲལ་རིག་པར་རྫོགས་པ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དེས་འདི
22a2 སྐད་ཅེས་གསོལ་བ་བཏབ་པོ།། དུས་གསུམ་སངས་རྒྱས་ཐ~ཾད་ཀྱི།། སྐུ་གསུང་ཐུགས་ཀྱི་མཛད་པ་ལ།། བརྗོད་པའི་མཚན་མ་མི་མངའ་ཡང་།། དམན་པའི་བློ་ལ་ཅི་འཚམ་པར།། འཕྲུལ་ཚིག་སྒྲ་ཡི་པྲ་ཀྲིད་ཀྱིས།། བརྩལ་མེད་སེམས་ཀྱི་འཕྲིན་ལས
22a3 འ། འདུས་པའི་ཚོགས་ལ་བཤད་དུ་གསོལ།། ཞེས་ཞུས་པ་ལས།། དེ་བཞིན་གཤེགས་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསུངསོ།། ཀྱེ་སེམས་དཔའ་ཆེན་པོ།། བརྩལ་མེད་སེམས་ཀྱི་རང་བཞིན་ལ།། བྱ་བྱེད་འཕྲིན་ལས་མི་གནས་ཀྱང་།། ལྷན
22a4 གྲུབ་སེམས་ཀྱི་བྱིན་བརླབས་ལས།། རྩལ་མེད་འཕྲིན་ལས་ཕྱོགས་བཅུར་བདལ།། བྱ་བྲལ་རྫོགས་པའི་འཕྲིན་ལས་ནི།། ཡིན་ནོ་དགག་བྲལ་ལྷུན་གྱིས་གྲུབ།། ཆུ་དང་རོལ་པ་ལྷུན་གྲུབ་ལྟར།། བྱས་པ་མེད་པར་རང་བཞིན་གསལ།། བརྩལ་བྲལ་སེམས
22a5 ཀྱི་འཕྲིན་ལས་ནི།། ཁྱད་པར་གསལ་ལ་དངོས་པོ་མེད།། དཔེར་ན་ཉི་མའི་འོད་དང་མཚུངས།། གསང་བ་རིག་པའི་རྗེས་སུ་འཐུན།། བྱས་པ་ཟིན་པས་བྱ་མི་དགོས།། ལྷུན་གྱིས་གྲུབ་པས་བརྩལ་མི་དགོས།། ཡེ་ནས་དག་པས་སྦྱང་མི་དགོས།། ཁམས་གསུཾ
22a6 རིག་པར་ཅིག་པས་ན།། འཕྲིན་ལས་རྣམ་བཞི་བྱ་མི་དགོས།། འགྲོ་དྲུག་སེམས་སུ་སངས་རྒྱས་པས།། སྙིང་རྗེས་འགྲོ་དོན་བྱ་དང་བྲལ།། ཡེ་བྱར་མེད་བྱ་དང་བྲལ།། དངོས་ལ་དེ་ལྟར་མི་གནས་ཀྱང་།། ཁྱབ་པའི་གདུལ་བྱའི་སྣང་བ་ལ།། ལྷུན་གྲུབ་རིན་ཆེན་འབར།




iiif viewer powered by OpenSeadragon

21b - 22b

Texts on this page

Gbr002.22 - byang chub sems nya mo 'khor lo'i rgyud