| | e-texts navigator
|
21b1 པ་དེ་ལྟར་སྣང་།། འགྲོ་འདུལ་ཕྱོགས་མེད་དམ་ཚིག་ལ།། མཛད་པ་ངོས་བཟུང་མི་མངའ་སྟེ།། དེ་ཉིད་མཐོང་ཚུལ་ཁྱད་པར་གྱིས།། ཕྱོགས་རིས་མེད་པར་རང་བཞིན་འཆར།། ཇི་ལྟར་སྣ་ཚོགས་འདུལ་གྱུར་པ།། དེ་ལྟར་དེ་ལྟར་མངོན་སུམ་སྣང་།། ཇི་བཞིན།
21b2 ཉིད་ལ་ཕྱོགས་མེད་པས།། ཐུགས་རྗེ་རང་སྣང་ཕྱོགས་རིས་མེད།། བདག་ཉིད་ཆེན་པོ་ཀུན་འདུས་པ།། རང་གསལ་ཅིག་ལས་འདས་པ་མེད།། ཅིག་པོ་ཡེ་ཤེས་རྫོགས་པ་ཉིད།། རྣམ་པར་འབྱེད་པའི་ཆོས་དང་བྲལ།། དེ་ཉིད་རིག་པའི་དམ་ཚིག་སྟེ།
21b3 ཡེ་ཤེས་གསང་བའི་ངོ་བོ་ཡིན།། དྲི་མེད་དམ་ཚིག་ཆེན་པོ་ལ།། རྣམ་རྟོག་ཞེན་པའི་ཆོས་མི་གནས།། སེམས་ཉིད་རྫོགས་པའི་རང་བཞིན་ལ།། ཀུན་རྫོགས་རང་གསལ་སྙིང་པོར་རྫོགས།། ཅིག་པོའི་ངང་ལས་མི་འདའ་ན།། རྫོགས་ཆེན་དམ་ཚིག་ཆེན་པོ
21b4 ཉིདཿཅིག་པུ་ཡིན་པར་རབ་ཏུ་བསྒྲགས།། ལྷུན་གྲུབ་དམ་ཚིག་ཆེན་པོ་ལ།། མ་བསྲུངས་རྫོགས་པས་རང་བཞིན་ཚང་།། ཕྱོགས་རིས་མེད་པས་ལྷུན་གྱིས་གྲུབ།། བརྩལ་དུ་མེད་པས་ལྷན་གྱིས་གྲུབ།། གདོད་ནས་རྫོགས་པས་ལྷུན་གྱིས་གྲུབ།། བསྲུང
21b5 བྲལ་ལྷུན་རྫོགས་དམ་ཚིག་ལ།། གང་ལྟར་བསྲུངས་པ་ཕྱིན་ཅི་ལོག། བསྲུངས་མེད་ཆོས་ལ་བསྲུངས་པས་བསླད།། བརྩལ་མེད་ཆོས་ལ་རྩོལ་བས་བཅིངས།། འཛིན་མེད་ཆོས་ལ་འཛིན་པས་བཟུང་།། གཅིག་གི་དོན་ལ་གཉིས་སུ་སྤྱད།། བགྲོད་རྩོལ
21b6 བྲལ་བའི་དམ་ཚིག་ལ།། བགྲོད་པས་ལྷན་གྲུབ་དམ་ཚིག་འཁྲུལ།། བྱ་བྲལ་ཆོས་ལ་བྱས་པས་ནོར།། དེ་ཕྱིར་དམ་པའི་རྡོ་རྗེ་ཡིན།། ལྷག་པའི་དམ་ཚིག་མི་ལྡན་ན།། ཕྱོགས་ཀྱི་དམ་ཚིག་གང་སྲུངས་ཀྱང་།། སྦྲེལ་མ་གཡེང་དུ་ལྷུང་བ་བཞིན།། ཁམས་གསུམ
iiif viewer powered by OpenSeadragon
21a - 22a