| | e-texts navigator
|
21a1 6བསྲུང་ཕྱོགས་བྲལ་བས།། འདའ་བ་མེད་པར་ལྷུན་གྱིས་རྫོགས།། བདག་ཉིད་རིག་པ་མ་ཡིན་པ།། སྲུང་དང་མི་སྲུང་མེད་པའི་ཕྱིར།། གཉིས་ཀ་མ་ཡིན་ཕྱིར་མི་དགོངས།། བསྲུང་བྲལ་རིག་པའི་དམ་ཚིག་ནི།། བསྲུངས་པས
21a2 མཁའ་ལ་ཚད་འདོར་འདྲ།། བསྲུང་དུ་མེད་པས་མི་བསྲུང་ཞིང་།། དེ་ཉིད་མ་འཛིན་འཛིན་དང་བྲལ།། ན་མཁའི་མཐའ་ལྟར་བསྲུང་མེད་པས།། ནམ་མཁའ་རྡོ་རྗེ་དམ་ཚིག་མཆོག། ཡེ་ནུས་ཐུབ་པས་བསྲུང་དུ་མེད།། གསང་བའི་རིག་པའི་དམ
21a3 ག་ལ་བསྲུང་དང་མི་བསྲུང་ལོག་པའི་ཆོས།། བསྲངས་པས་གྲུབ་པ་མ་ཡིན་ཞིང་།། དེ་བཞིན་མ་བསྲུངས་འདའ་བ་མེད།། འགྲོ་འདུལ་ཐབས་ཀྱི་དམ་ཚིག་ལ།། མི་བསྲང་མེད་པའི་དོན་རྟོགས་ནས།། ཀུན་ཐུབ་ཐབས་ཀྱི་དམ
21a4 ཆ་ག་སྟེ། ཇི་ལྟར་མཐུན་པ་དེ་ལྟར་ཡིན།། བསྲུང་དང་མི་བསྲུང་ཆོས་མེད་པས།། ན་མཁའི་རྒྱལ་པོའི་དམ་ཚིག་འདི།། ཕྱོགས་མེད་བདལ་བ་མ་བཅོས་དང་།། གང་ཞིག་ཕྱོགསསུ་སྲུང་པ་ནི།། ཆེད་བྱས་ཕྱོགས་འཛིན་བསྲུང་བའི་ཆོས།། ཕྱོགས
21a5 ཅས་འཁོར་པའི་དམ་ཚིག་ཡིན།། མ་བཅོས་གསང་བའི་དམ་ཚིག་ལ།། ཕྱོགས་རིས་ཆེ་ཆུང་ཡོངས་ཀྱིས་མེད།། མཁྱེན་པའི་ཕྱོགས་བྲལ་དམ་ཚིག་ནི།། མ་བཅོས་ངང་ལ་རྫོགས་པར་ལྡན།། ཀུན་འདུས་སེམས་ཀྱི་མེ་ལོང་ལ།། སྒྲིབ་པ
21a6 མེད་པར་རང་བཞིན་འཆར།། དུས་གསུམ་མཉམ་པར་རང་གསལ་ཡང་།། མ་འདྲེས་ཁྱད་པར་སོ་སོར་གཟིགས།། ཇི་བཞིན་པ་དང་ཇི་སྙེད་པ།། སྙིང་པོ་རང་གསཔ་རྫོགས་པའི་ལུང་།། སེམས་ཀྱི་ལུང་ལ་གཉིས་མེད་ཀྱང་།། ཇི་ལྟར་བལྟ་ས།
iiif viewer powered by OpenSeadragon
20b - 21b