e-texts navigator
Collection
Volume
Page
Wylie

20b1 དམ་པ་ཀུན་གྱི་དགྲ་ཡིན་པས།། བསྟེན་ན་འཇིགས་པ་ཆེན་པོ་ཉིད།། མཐོང་དང་མ་མཐོང་གཉིས་ཀར་བྱུང་།། འདི་ལ་རང་གསལ་ཀློང་གི་དོན།། འཕྱར་ཞིང་བཙམ་པས་བཤད་བྱས་ན།། དེའི་རྣམ་སྨིན་མ་བསྟན་ཏེ།། བསྟན་ན་ཉོས་པ་ཉིད
20b2 དུ་འགྱུར། རྡོ་རྗེ་དམ་པའི་རིགས་ཅན་ལ།། བརྩོལ་བྲལ་རིག་པ་སེམས་ཀྱི་ལུང་།། ཡང་གསང་ཐུགས་ཀྱི་ཉིང་ཁུ་འདི།། རྣ་བརྒྱུད་འཕྲུལ་མིག་ལྡན་པ་ཡིས།། ལེགས་པར་སེམས་ཀྱི་དཀྱིལ་དུ་བཞག། མི་གཡོ་གསལ་བར་བཟུང་བ་ཡིན།།
20b3 ཡོན་ཏན་ན་མཁའི་མཐའ་དང་མཉམ།། ཀུན་བཟངས་རྒྱལ་བས་མཆོག་ཏུ་གསུངས།། ཞེས་གསུང་སོ།། ཉ་མོ་འཁོར་ལོའི་རྒྱུད་ལས།། ཐམས་ཅད་འདུས་པར་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་ཡང
20b4 བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ།། དུས་གསུམ་སངས་རྒྱས་ཐོད་ཀྱིས།། སྐུ་གསུང་གསང་བ་རིག་པ་སྟེ།། ཕྱོགས་མེད་བསྲུང་བྲལ་དམ་ཚིག་འདི།། འདུས
20b5 པའི་ཚོགས་ལ་ལེགས་པར་གསུངས།། ཞེས་ཞུས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདའ་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། འདི་སྐད་ཅེས་གསུངས་སོ།། ཀྱཻ་སེམས་དཔའ་ཆེན་པོ་ལེགས་པར་ཉོན།
20b6 དུས་གསུམ་སངས་རྒྱས་ཐ~ཾད་ཀྱིས།། སྲུང་སྡོམ་དམ་ཚིག་མཐའ་ཡས་པ། སྐུ་གསུང་ཐུགས་སུ་ངེས་པར་འདུས།། དེ་ཉིད་རིག་པའི་དམ་ཚིག་གོ།། དེ་ཉིད་ལྷག་པའི་དམ་ཚིག་བཞི།། མ་བཅོས་ལྷུན་གྲུབ་དམ་ཚིག་ལ།། བསྲུང་དང་མི




iiif viewer powered by OpenSeadragon

20a - 21a

Texts on this page

Gbr002.22 - byang chub sems nya mo 'khor lo'i rgyud