e-texts navigator
Collection
Volume
Page
Wylie

20a1 ཆུབ་སེམས།། ཅི་ཡང་ཡིན་ནོ་རྣམ་ཀུན་བཅས།། གང་ལྟར་ཡིན་པ་དེ་ལྟར་ཡིན།། ཐ~ཾད་ཁྱབ་པའི་བྱང་ཆུབ་སེམས།། ཁྱབ་པར་གསལ་ལ་རང་བཞིན་མེད།། འདུ་འབྲལ་མེད་པས་དབྱིངས་ཀྱི་ལུང་།། ཀུན་ཀྱང་མཉམ་ཉིད
20a2 བྱང་ཆུབ་ལ།། སྒྲོ་དང་སྐུར་བ་ཅི་ཞིག་ཡོད།། དེ་ཉིད་མ་ཡིན་མི་གནས་པས།། ཀུན་ཀྱང་དེ་དང་མཉམ་དུ་གསལ།། ཀུན་རྫོགས་བྱ་བྲལ་སེམས་ལུང་ནི།། ཅིག་ལ་ཀུན་ཏུ་ཁྱབ་པར་བདལ།། གསང་བ་ཐབས་ཀྱི་མེ་ལོང་གིས།། གསལ
20a3 ལ་འཛིན་པ་ཀུན་གྱིས་དབེན།། མདོ་འདུས་སེམས་ཀྱི་རྩ་བ་ནི།། ཆོས་རྣམས་ཀུན་གྱི་སྙིང་པོ་ཡིན།། རང་བྱུང་མཆོག་གི་དགོས་པ་ནི།། བཅོས་པ་མེད་དོ་མཁའ་ལྟར་བཞག། བསམ་བྲལ་མཁའ་ལྟར་གནས་པ་ནི།། རིག་པའི་འོད་གས
20a4 དབྱིངས་ཀྱི་ངང་།། སེམས་ཀྱིས་སྒྲིམ་པར་མི་བྱ་ཞིང་།། གློད་ན་གྲོལ་བར་ཐེ་ཚོམ་མེད།། རྡོ་རྗེ་དམ་པའི་རིགས་ཅན་ལ།། མཁའ་ལྟར་ཁྱབ་བདལ་མན་ངག་གིས།། སྣང་བཀག་མེད་པའི་སྤྱོད་པ་བསྟན།། འདི་ལ་གྲོལ་འགྱུར་ཐེ
20a5 ཆོམ་མེད།། རྡོ་རྗེ་བླ་མ་མི་འཛིན་ཞིང་།། གསང་བའི་མན་ངག་འཕེལ་འགྱུར་ན།། འདི་ལ་རྡོ་རྗེ་དམྱལ་བའི་གནས།། འགྲུབ་འགྱུར་ཐེ་ཚོམ་མེད་པར་འགྲོ།། དམ་ཚིག་མི་ལྡན་རྡོ་རྗེ་ཡང་།། གསང་བའི་དམ་སྲི་གང་བྱེད་པ།། རྡོ་རྗེ་དམྱ
20a6 པ་ཉིད་ཀྱི་གནས།། གཉིས་ཀ་བར་མཚམས་མེད་པར་ལྟུང་།། དད་དང་དམ་ཚིག་ལྡན་པ་དང་།། མི་གཡོ་སེམས་ལ་དད་པ་དང་།། གསང་བ་འཕེལ་བར་མི་བྱེད་པའི།། རྒྱལ་ཚབ་ངེས་པ་ཅིག་ལ་བཏང།། སྣོད་དང་མི་ལྡན་སློབ་མ་ནི




iiif viewer powered by OpenSeadragon

19b - 20b

Texts on this page

Gbr002.22 - byang chub sems nya mo 'khor lo'i rgyud