| | e-texts navigator
|
19b1 ན། ཉ་མོ་འཁོར་ལོའི་རྒྱུད་ལས།། ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་སངས་རྒྱས་ཐ~ཾད་ཀྱིས།། རང་གསལ་ཉག
19b2 ཅིག་དྲི་མེད་ལས།། དངོས་པོ་གསུམ་དུ་མི་གནས་ན།། རྣམ་པར་ཕྱེ་བའི་དགོངས་པ་གང་།། ཞེས་ཞུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ།། ཀྱཻ་སེམས་དཔའ
19b3 ཆེན་པོ་ཉོན་ཅིག། ཆོས་ཀུན་རང་བྱུང་རྫོགས་པའི་ལུང་།། བདག་ཉིད་ལྷུན་གྲུབ་ཉག་ཅིག་ལྔ། རྣམ་པར་དབྱེ་བ་མི་གནས་ན།། རྟོག་པའི་ངོ་ལ་གསུམ་དུ་བྱུང་།། དངོས་ཉིད་མི་གཡོ་བདེ་ཆེན་ལ།། གྲངས་དང་མཚན་མ་འཛིན་པ་ཉིད།། ཡེ་ཤེས
19b4 ལྷུན་རྫོགས་དོན་དང་འགལ།། ཐད་སེམས་ཉིད་སྣང་བས་ན།། སེམས་མ་ཡིན་པའི་ཆོས་མི་གནས།། ནམ་མཁའི་དབྱིངས་ཀྱི་ཚུལ་དང་འཐུན།། བདག་གཞན་མི་མངའ་ཕྱོགས་རིས་མེད།། རྟོག་པའི་ངོ་ལ་སོ་སོར་སྣང་།། རྟོགས་ན་རང་གསལ་ཅིག།
19b5 ལས་མེད།། ཀུན་གཞི་སེམས་ཀྱི་རང་བཞིན་ལ།། བརྗོད་པའི་ཐ་སྙད་ཀུན་དང་བྲལ།། དེ་ཉིད་སྒྲའི་འཁོར་ལོས་བསྟན།། བརྗོད་འབྱུང་སྒྲའི་འཁོར་ལོར་བསྟན།། ལམ་མེད་རིམ་མེད་ཅིག་ཆར་འཇུག། མཁའ་འདྲའི་སེམས་ལ་བགྲོད་དུ་མེད།།
19b6 རང་བྱུང་རིག་པུ་རྒྱུ་རྐྱེན་མེད།། ཀུན་འདུས་རིག་པ་སེམས་ཀྱི་གཏེར།། འོད་གསལ་རིག་པ་དབྱིངས་ལ་འདུས།། ཀློང་དགུ་བསྟན་པའི་སྒོ་མོ་ཡང་།། སེམས་ཉིད་རིག་པ་གཞི་ལ་རྫོགས།། མ་བཅོས་རྫོགས་པའི་རང་བཞིན་ནི།། ལྷུན་གྱིས་གྲུབ་པའི་བྱང
iiif viewer powered by OpenSeadragon
19a - 20a