| | e-texts navigator
|
19a1 མེད། བསམ་པའི་ཡེ་ཤེས་བསམ་མི་ཁྱབ།། རང་གསལ་ཡེ་ཤེས་དམིགས་དང་བྲལ།། གང་ཡང་མ་ཡིན་དེ་བཞིན་ཉིད།། མ་བཅོས་སེམས་ཀྱི་རང་བཞིན་ལ།། མ་ཡེངས་གསལ་བར་གནས་པས་གྲུབ།། མ་བཞག་རིག་པས།།
19a2 ཤུགས་ཀྱིས་གསལ།། མ་བརྩལ་ཆུ་ལྟར་རྙོག་དང་བྲལ།། བདག་གཞན་ཕྱོགས་རིས་མི་མངའ་བས།། ཕྱོགས་མེད་གསལ་བའི་ཡེ་ཤེས་སོ།། མི་འཁྲོ་མི་བསྡུ་རིག་པར་གསལ།། ཤེས་པ་མ་ཡིན་མི་ཤེས་མིན།། མཐའ་བྲལ་དབུ་མའི་ལམ་དུ་གསལ
19a3 གསལ་བའི་ཡེ་ཤེས་མཐའ་དབུས་མེད།། བརྗོད་བྲལ་ཡེ་ཤེས་སྒྲ་ལས་འདས།། ཐ~ཾད་ཡེ་ཤེས་ཡིན་པས་ན།། གཉིས་པ་མ་ཡིན་རིག་པར་ཅིག། མཁའ་ལྟར་དག་པའི་གཡུང་དྲུང་ལ།། སྤང་ཞིང་སྐྲོད་པའི་ཡུལ་ལས་འདས།། སྤྱད་རྩོལ་རིག་པས
19a4 ཅི་སྤྱད་པ།། ཕྱོགས་བཅས་འཁོར་བའི་ལམ་དུ་ལྟུང་།། ཕྱོགས་བྲལ་ཡེ་ཤེས་མ་ཤར་ན།། ཕྱོགས་འཛིན་གསང་བའི་ལམ་ལས་གོལ།། མ་བཅོས་གསང་བའི་ཡེ་ཤེས་ནི།། རིག་པ་རང་གསལ་ཉག་ཅིག་པོ།། མ་བཅོས་རྣལ་དུ་བཞག་པཱ
19a5 གསལ།། འགྱུར་མེད་ཀློང་དུ་ཞུགས་པས་གོལ།། རང་བྱུང་རིག་པ་ཉག་ཅིག་ལ།། ཕྱོགས་འཛིན་ཞེན་པའི་རྩོལ་བརྒྱད་ཀྱིས།། བརྟག་བྲལ་དང་ལ་ཅིར་མ་རྟགས།། གང་ལྟར་བཟུང་བ་ཕྱིན་ཅི་ལོག། འདུ་ཤེས་མ་ལུས་ཀུན་བྲལ་ལ།། བསམ་ཞིང་སྤྱད
19a6 པའི་ཡུལ་ལས་གྲོལ།། ཀུན་འདུས་གསང་བའི་ཡེ་ཤེས་ལ།། རྟོག་སྤྱོད་ན་མཁའི་མཐའ་ཚོལ་འདྲ།། དུས་གསུམ་རིག་པ་རང་གསལ་ལ།། རྫོགས་པས་དབྱེ་བས་ཆོས་མི་གནས།། གང་ལྟར་གསལ་ཡང་ཡེ་ཤེས་ཡིན།། ཞེས་གསུངསོ།།
iiif viewer powered by OpenSeadragon
18b - 19b