| | e-texts navigator
|
18b1 བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས།། གསང་བའི་རིག་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། འདི་སྐད་ཅེས་གསུང་སོ།། ཀྱཻ་སེམས་དཔའ་ཆེན་པོ།། གསང་བའི་ཐབས་ཀྱིས་མཉམ་སྦྱར་ནས།
18b2 རང་བྱུང་རིག་པ་བསམ་མི་ཁྱབ།། རང་བྱུང་རིག་པ་ཉག་ཅིག་ལ།། ཡོན་ཏན་ཁྱད་པར་བགྲང་མེད་ཀྱང་།། བསམ་པའི་ཚུལ་ནས་ཕྱེ་བ་ཡིས།། མཁའ་ལ་བཟའ་སྐར་བཀྲམ་པ་འདྲ།། ཅིག་ལ་སྣང་ཞིང་ཉིད་དུ་འདུ།། གསང་བའི་འཁོར་ལོ་དབྱེ་བ
18b3 མེད་རིག་པའི་ཡེ་ཤེས་གསང་བ་ལ།། དབྱེ་དང་བསྡུ་བར་མི་བྱེད་དེ།། དངོས་ལའང་དེ་ལྟར་མི་གནས་སོ།། ཕྱོགས་རིས་མེད་པའི་ཡེ་ཤེས་ནི།། ན་མཁའ་ལྟ་བུར་ཀུན་ལ་ཁྱབ།། མཚན་ཉིད་ཅི་ཡང་མ་ཡིན་ཏེ།། ཡེ་ནས་རིག་པས་གསལ་བར་ཤེས།།
18b4 དོན་དེ་ཤེས་པས་ཡེ་ཤེས་སོ།། མི་ཤེས་པ་ཉིད་ཡིས་ཏེ།། སྤྱོད་པ་རིག་པས་གསལ་བར་མཐོང་།། ཤེས་པ་རྒྱུ་བ་བཅད་པས་ན།། དེ་མ་ཐག་ཏུ་རིག་པ་ཆར།། རང་བྱུང་དོན་ལ་གཡོ་མེད་མཆོག་གི་དོན།། མ་ཡེངས་གསལ་མ་མངོན་སུམ་དུ།།
18b5 རང་ཉམས་ཉིད་ལ་དེ་ལྟར་སྣང་།། ཡེ་ནས་རིག་པའི་འཁོར་ལོ་ལ།། རྣམ་རྟོག་ཞེན་པའི་ཆོས་མེད་པས།། ཡེ་ནས་རང་གསལ་ཡེ་ཤེས་ཏེ།། བསྒྲིབས་པའི་ཆོས་ཀྱིས་གདོད་ནས་སྟོང་།། སྟོང་ཉིད་ཡེ་ཤེས་མཚན་མས་དབེན།། ཆོས་དབྱིངས
18b6 ཡེ་ཤེས་མ་བཅོས་པ།། མེ་ལོང་ཡེ་ཤེས་མེ་ཏོག་གསལ།། མཉམ་ཉིད་རིག་པ་སེམས་སུ་གསལ།། སོ་སོར་རྟོག་པ་མ་འདྲེས་གསལ།། བྱ་བ་ནན་ཏན་མཐར་ཕྱིན་པའོ།། རང་བྱུང་ཡེ་ཤེས་རྒྱུ་རྐྱེན་བྲལ།། ལྷན་གྲུབ་ཡེ་ཤེས་ཕྱོགས་རིས
iiif viewer powered by OpenSeadragon
18a - 19a