| | e-texts navigator
|
17b1 སྤྱོད་ཡུལ་བྲལ་བའི་ལུང་། འདུས་གསུམ་དེ་ལས་མི་འདའ་ཞིང་།། མ་ཡེངས་རྒྱལ་བའི་དགོངས་པ་ནི།། དུས་གསུམ་ལྷག་པའི་སྡོམ་པ་རྫོགས།། བཅུ་བཞིའི་རིག་པ་དམ་ཚིག་གོ། དམ་ཚིག་བསྲུང་བྲལ་བརྡའ་མེད་པས།། རིག་པ་གཉིས་མེད།།
17b2 ཅིག་ཆར་འཇུག། དེའི་བརྡ་ཕྲད་རིག་པ་ནི།། རྒྱད་པ་དབང་གི་ཁྱད་པར་བཤད།། འཇུག་པ་ཐབས་ཀྱི་ལམ་འདི་དག། བརྡའ་ཕྲད་གསང་བ་རིག་པའི་ཐབས།། ལྟ་དང་ཏིང་འཛིན་སྤྱོད་པ་དང་།། དམ་ཚིག་དབང་དང་སྒྲུབ་པ་དང་།། དཀྱིལ་འཁོར་འཕྲིན
17b3 ལས་བགྲོད་པ་ཡིས།། རྩོལ་བྲལ་རིག་པ་ཉིད་ལ་སྦྱོར།། རབ་གསལ་ཐེག་པའི་སྙིང་པོ་ལ།། གཉིས་འཛིན་རིག་པ་མི་གནས་ཀྱང་།། རང་གསལ་ཤེས་རབ་གཉིས་གསལ་བས།། ལྟ་བ་གཟའ་གཏད་བྲལ་བའི་ལུང་།། གཉིས་པ་སེམས་ཡུལ
17b4 རིག་པས་བསྟན།། གཉིས་པ་རིག་པ་གོམས་པ་ཡིས།། བརྡའ་ཕྱུད་རིག་པའི་གདེང་ཅན་གྱིས།། ཏིང་འཛིན་རང་གསལ་ལུང་འཇུག་པས།། གསུམ་པ་ཏྲིང་འཛིན་གཏེར་གྱི་ལུང་།། ལྷ་དང་ཏིང་འཛིན་གདེང་ལྡན་པས།། རང་གསལ་ཉག་ཅིག་མ
17b5 གཏོགས་པ།། མེད་ཕྱིར་ལྟུང་བའི་འཇིགས་མེད་པས།། དྲུག་པ་སྤྱོད་ཡུལ་བྲལ་བའི་ལུང་།། དུས་གསུམ་དེ་ལས་མི་འདའ་ཞིང་།། མ་ཡེངས་རྒྱལ་བའི་དགོངས་པ་ནི།། དུས་གསུཾ་ལྷག་པའི་སྡོམ་པ་རྫོགས།། བཅུ་བཞི་རིག་པའི་དམ་ཚིག
17b6 གོ། དམ་ཚིག་བསྲུབ་བྲལ་འདའ་མེད་པས།། རིག་པ་གཉིས་མེད་ཅིག་ཆར་འཇུག། དེ་ཡི་བརྡ་ཕྲད་རིག་པ་ནི།། བརྒྱད་ཀྱི་དབང་གི་ཁྱད་པར་བཤད། བརྡབ་ཕྲད་རིག་པའི་གསང་ཉམས་དེ།། མ་ཡེངས་འབབ་ཆུའི་ཚུལ་བཞིན་དུ།། མ་བསྐུབ
iiif viewer powered by OpenSeadragon
17a - 18a